རབ་གནས་ཆུ་ཡོས་ལོའི་ལོ་གསར་ཚེས་གཅིག་ཉིན་རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་བརྟན་བཞུགས་དང་ལོ་སར་དགའ་སྟོན་ལ་རོལ་བའི་མཛད་རིམ།
༄༅།། བོད་རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་དུ་བཞད་པའི་ཉིན་ཀིརྟིའི་དགེ་རྩ་ཚོགས་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་། རྨེའུ་རུ་མའི་འཇམ་དབྱངས་ཆོས་འཕེལ་ཁྱིམ་ཚང་སོགས་ནས་བདག་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ལ་གནས་མཆོག་རྡོ་རྗེ་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་འཕགས་པའི་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་དང་འབྲེལ་མདོ་ལུགས་བརྟན་བཞུགས་བསྟར་འབུལ་ཞུས།
གནས་མཆོག་རྡོ་རྗེ་གདན་དུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་གྱིས་དགུ་གཏོར་ཚོགས་གནང་བ།
༄༅།། རབ་གནས་ཆུ་སྟག་ལོའི་བོད་ཟླ་ ༡༢ཚེས་༢༩སྟེ་དགུ་གཏོར་གྱི་གཏོར་རྒྱག་ཉིན་མོའི་དགོང་དྲོ། རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ།༸ཁོང་རིན་པོ་ཆེ་དབུར་བཞུགས་གྲྭ་ཚང་གི་བླ་སྤྲུལ་དང་ལས་སྣེ་ཁག་ཅིག ཞབས་ཕྱི་རྣམ་པ་བཅས་ལྷན་ཚོགས་ཀྱིས་བསྟན་པ་སྤྱི་སྒོས་ཀྱི་བགེགས་རིགས་ཅི་མཆིས་བཟློག་པའི་རིམ་གྲོར་ཆ་གསུམ་བཞི་རྫོགས་དང་དྲུག་ཅུ་མ་བཅས་རྒྱས་པར་གསུངས་སྐབས་ཀྱི་སྐུ་པར་དང་བརྙན།
དགུ་གཏོར་རྒྱས་པ་ཉིན་གཉིས་ལ་ཚོགས་པ།
༄༅།། རབ་གནས་ཆུ་སྟག་ལོའི་ཟླ་བ་ ༡༢ ཚེས་ ༢༨ དང་ ༢༩ སྟེ། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༨ དང་ ༡༩ ཉིན་གཉིས་ཀྱི་རིང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་ཚང་དུ་བཞུགས་པའི་དགེ་འདུན་པ་རྣམས་ཚོགས་ཕེབས་གནང་ནས་ལོ་རྙིང་གི་བྱེད་སྒོའི་ཐ་མ་ལྟ་བུའི་དགུ་གཏོར་ཏེ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་གུར་ཞལ་གཉིས། དེ་བཞིན་ཆོས་རྒྱལ་དང་། དཔལ་ལྡན་ལྷ་མོ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། ལྷ་ཆེན་སྐུ་ལྔ། སྒོས་ཀྱི་བཀའ་སྲུང་དཔའ་བོ་རྩལ་སོགས་ཆོས་སྲུང་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་བསྐང་གསོ་རྒྱས་པ་སྤྱི་བསྟབ་དང་བཅས་པའི་སྒོ་ནས་སྤྱིར་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་ཕྱིར་དང་།
༄༅།། རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་ཐེངས་དང་པོ་བསྐྱངས་པའི་སྐབས་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་འབྲེལ་ཡོད་སེར་སྐྱ་མང་ཚོགས་ལ་བསྩལ་པའི་གསུང་བཤད།
༄༅།། དེ་རིང་ཀིརྟིའི་སྒར་བསམ་ཡས་གླིང་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་ཐེངས་དང་པོ་སྐྱོང་བཞིན་པའི་ཞལ་འདོན་གྱི་དབུ་མ་ཚུགས་པའི་སྔོན་ལ་ངས་ཚིག་གཅིག་གཉིས་ཤིག་ཞུས་ན། རྣམ་པ་ཚོས་ཐུགས་སྨོན་གནང་སྟངས་ལ་ཁྱད་པར་ཡོད་པ་རེད་བསམས།
སྤྱིར་རྡོ་རྗེ་གདན་འདི་གནས་ཤིན་ཏུ་རྩ་བ་ཆེན་པོ་ཡིན་པ་ནི་རྣམ་པ་ཚོས་མཁྱེན་གྱི་ཡོད་པ་ལྟར་རེད། ལྷག་པར་དུ་རྡོ་རྗེ་གདན་ཀིརྟིའི་སྒར་བསམ་ཡས་གླིང་འདི་ལ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་དབུས། དགའ་ལྡན་ཁྲི་གདན་ཟུར་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་བརྒྱ་ཕྲག་གཉིས་གསུམ་ཞིག་ཕེབས་ནས་དྲང་ངེས་བགྲོ་གླེང་ཆེན་པོ་གནང་བའི་སྐབས་དེར། མ་འོངས་པའི་བོད་བརྒྱུད་ནང་བསྟན་དཔལ་ནཱ་ལེནྜའི་ལྟ་གྲུབ་སློབ་གཉེར་ཁང་ཞིག་བཞེངས་རྒྱུའི་རྩིག་པའི་རྨང་རྡོ་ཡང་༸རྒྱལ་བ་རིན་པོ་ཆེས་ཕྱག་བསྟར་ནས་འཇོག་གནང་མཛད་ཡོད་པར་མ་ཟད། བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་ཤིས་བརྗོད་དང་བདེན་ཚིག་བརྗོད་པར་གནང་སའི་ས་གནས་བྱིན་རླབས་ཅན་ཞིག་ཏུ་གྱུར་ཡོད།