༄༅།། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་དགེ་སློབ་འདུས་མང་ཡོངས་ལ་བསྩལ་པའི་གསུང་བཤད།
༄༅།། ད་ལོའི་ལོ་སར་གྱི་སྐབས་ང་འདིར་བསྡད་ཐུབ་མེད་དུས་ཁ་སང་ལས་སྣེ་ཚོ་འཚམས་ཞུ་ལ་བཅར་ནས། གྲྭ་ཚང་ལ་སྐད་ཆ་ཚིག་འགའ་ཤས་ཤིག་བཤད་ན་ཞེས་རེ་འདུན་འདོན་གྱི་འདུག།ལོ་འགའ་ཤས་ཀྱི་གོང་ནས་ངས་དགེ་རྩ་ཚོགས་པའི་དབུ་འཛིན་གྱི་འགན་འཁྱེར་བ་མ་གཏོགས་གྲྭ་ཚང་གི་འཛིན་སྐྱོང་སོགས་ཀྱི་འགན་གཙོ་བོ་གྲྭ་ཚང་གི་ལས་སྣེ་ཚོས་འཁྱེར་དགོས་པ་བྱས་ཏེ། ངས་གྲྭ་ཚང་གི་འཛིན་སྐྱོང་སོགས་ཀྱི་ཐོག་སྐད་ཆ་བཤད་མ་དགོས་པ་གཙོ་འདོན་བྱས་པ་ཡིན་དུས། གྲྭ་ཚང་གི་ལས་དོན་དང་འབྲེལ་བའི་ཐོག་སྐད་ཆ་མ་བཤད་ནས་ལོ་འགའ་ཤས་ཤིག་ཕྱིན་ཡོད། དེ་རིང་ཡང་ང་ལ་དམིགས་བསལ་ཤོད་རྒྱུ་མི་འདུག་ཀྱང། བཤད་རོགས་ཞེས་རེ་འདུན་ཞུས་པ་ཡིན་དུས་ཚིག་ཁ་ཤས་ཤིག་བཤད་ན་ཕན་ཐོགས་པ་ཕྲན་བུ་རེ་ཡོད་སྲིད་སྙམ། ང་མི་རྒན་པ་ཡིན་པའི་ཉམས་མྱོང་དང། ཕུགས་རྒྱང་རིང་པོ་མཐོང་མ་མཐོང་སོགས་ཀྱི་ཁྱད་པར་ཕྲན་བུ་ཡོད་སྲིད་པ་རེད་བསམས་ནས་ཚིག་ཁ་ཤས་ཤོད་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན།
༄༅།། མ་འོངས་པར་༸རྒྱལ་དབང་སྐུ་ཕྲེང་ན་རིམ་འབྱོན་དགོས་པ་ནི་བོད་ཀྱི་ཆོས་ལུགས་མི་རིགས་རིག་གནས་དང་བཅས་པ་གསོན་གནས་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡིན།
༄༅།། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་དུ་གཏོང་བའི་སྲིད་བྱུས་མངོན་སུམ་འཛེམས་མེད་ཀྱིས་འཛམ་གླིང་ཡོངས་ལ་མིག་མཐོང་ལག་ཟིན་དུ་སྤེལ་བཞིན་པ་དང་། ལྷག་པར་དུ་བར་ལམ་ནས་སྒྲིག་འཛུགས་ལྡན་པའི་སྒོ་ནས་གདུག་རྩུབ་ཅན་གྱི་ལས་འགུལ་དམིགས་བསལ་ཤུགས་ཆེན་པོས་སྤེལ་བཞིན་པ། བོད་ཀྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བ་ཞེས་པའི་སྲིད་བྱུས་ཀྱི་འོག་ནས་བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་ནང་ཆོས་ཀྱི་ཁྲིམས་ལུགས་བཅས་ལའང་སྒོ་སྣ་ཚོགས་ནས་བསྒྱུར་བཅོས་དང་ཚད་འཛིན་བྱས་ཏེ། ཆོས་མེད་དམར་པོའི་སྲིད་གཞུང་གིས་ཆོས་ལུགས་ཀྱི་རང་བཞིན་གསར་བཏོད་ལྟ་བུ་བྱེད་བཞིན་པ་ནི་བློ་འཚབ་བྱེད་དགོས་པའི་སྲིད་བྱུས་གདུག་རྩུབ་ཅན་ཞིག་ཡིན།
༄༅།། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༢༤ ལོའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་སྦྱོང་འགོ་འཛུགས་ཀྱི་གོང་དེར་བླ་སྤྲུལ་དགེ་སློབ་ཡོངས་ལ་གནང་བའི་ལམ་སྟོན་གསུང་བཤད།
༄༅།། དེ་རིང་ང་ལ་སྐད་ཆ་དམིགས་བསལ་བ་ཤོད་རྒྱུ་གང་ཡང་མེད། ཁ་སང་ལས་སྣེ་རྣམས་མདུན་དུ་བཅར་ནས་བཅའ་ཡིག་མི་ཚེའི་མདུན་ལམ་གྱི་ཟུར་རྒྱན་དང་པོའི་སྒོ་དབྱེ་དང་འབྲེལ་ནས་སྐད་ཆ་ཚིག་འགའ་ཤས་བཤད་རོགས་ཟེར་གྱི་འདུག དམིགས་བསལ་སྒོ་དབྱེ་དེ་འདྲ་གང་ཡང་མེད། གཙོ་བོ་བཅའ་ཡིག་མི་ཚེའི་མདུན་ལམ་གྱི་ཟུར་རྒྱན་དང་པོ་འདི་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་ད་ལོ་རྩོམ་སྒྲིག་བྱས་པ་ཡིན། ད་ཕྱིན་ཆད་བཅའ་ཡིག་མི་ཚེའི་མདུན་ལམ་གྱི་ཟུར་རྒྱན་དང་པོའི་དགོངས་དོན་དང་མཐུན་པ་ཞིག་གི་ཐོག་ནས་གྲྭ་མང་རྒན་གཞོན་ཡོངས་རྫོགས་ལམ་འདིའི་ཐོག་ཤར་བསྐྱོད་གནང་དགོས་པ་འདི་གལ་ཆེན་པོ་ཡིན་དུས་འདིའི་སྐོར་ཚིག་འགའ་ཤས་ཤིག་ཞུས་ན་བསམས།
ཕྱི་ལོ་ ༢༠༢༣ ལོའི་སློབ་མཇུག་ཡོངས་སུ་བསྡུས་པ།
༄༅།།ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡ ཉིན་སློབ་འགོ་བཟུང་སྟེ་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༧ བར་ཟླ་གསུམ་གསུམ་གྱི་རྒྱུགས་སྤྲོད་ཁག་ལེགས་པར་གྲུབ་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༨ ནས་དབུ་མ་ལོ་རིམ་གསུམ་པའི་འཛིན་གྲྭ་དང་། ཕར་ཕྱིན་ལོ་རིམ་ལྔ་པའི་འཛིན་གྲྭ། དེ་བཞིན་ཚད་མའི་དམིགས་བསལ་འཛིན་བཅས་འཛིན་གྲྭ་གསུམ་ནས་ཚད་མའི་དགུན་ཆོས་ལ་མཉམ་བཞུགས་གནང་སྟེ་ཟླ་བ་གཅིག་ལྷག་གི་རིང་སྐབས་བབ་རྣམ་འགྲེལ་གྱི་གཞུང་ཚན་ཁག་ལ་ཁྲིད་རྩོད་ཟུང་འབྲེལ་གྱིས་འཚོགས། འདུལ་བ་ལོ་རིམ་གཉིས་པའི་འཛིན་གྲྭ་ནས་དུས་ཡུན་དེའི་རིང་ལོ་འཁོར་རྒྱུགས་སྤྲོད་ཀྱི་རང་སྦྱོང་ཆེན་མོ་གནང་།