2024 02 03 02༄༅།། ཞྭ་སེར་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་རྡོ་བུམ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་གནང་བར། གུས་ཅག་གི་འདྲེན་པ་ཆེན་པོ་༧རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གང་གི་སློབ་བརྒྱུད་དང་ཉེ་འབྲེལ་ལྟོས་བཅས་ཀུན་ལ་ཐུགས་གསོའི་འཚམས་འཕྲིན་གནང་བ།

http://flowpaper.com/flipbook/Karchak-1/?wp-hosted=1

 

2022.4.18 01༸ཕྱི་ལོ་ ༢༠༢༢ ཟླ་  ཚེས་ ༡༨ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོར་དཔལ་ལྡན་སྲིད་སྐྱོང་མི་རྗེ་སྤེན་པ་ཚེ་རིང་མཆོག་དང་།  དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོགདེ་བཞིན་བོད་ཀྱི་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་བཅས་གདན་ཞུས་ཐོག་བདག་ཅག་གི་འདྲེན་པ་ཆེན་པོ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་<<མི་ཚེ་གཅིག་ལ་སྐྱེ་བ་གསུམ།>>ཞེས་པའི་བོད་འགྱུར་མ་དབུ་འབྱེད་མཛད་སྒོ་བསྡུས་ཡོད་ལ། སྐབས་དེའི་གནས་ཚུལ་རྣམས་གཤམ་གྱི་བརྙན་པར་དག་ལས་གསལ་པོ་གཟིགས་ཐུབ་པ་དང་། འདིར་མཛད་རྣམ་དཔེ་དེབ་གསར་པའི་ངོ་སྤྲོད་དུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་གང་ཉིད་ཀྱིས་བྲིས་གནང་བའི་དེབ་ཀྱི་སྔོན་གླེང་འདིར་བཀོད་ཡོད་པ་ལགས་ན། དགྱེས་གཟིགས་ཡོང་བ་དང་། གལ་སྲིད་བླུ་ཡོན་ཞུ་འདོད་ཡོད་ན། ཀིརྟིའི་དགེ་རྩ་ཚོགས་པའི་ལས་ཁུངས་ལ་འབྲེལ་བ་གནང་ན་འཐུས་པ་བཅས་དགོངས་འཇགས་འཚལ།

0111༄༅།། རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ལིས་ཅང་ལིས་ལགས་ཀྱིས་བཅར་འདྲི་དང་རྩོམ་སྒྲིག་གནང་བའི་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་རྣམ་ཐར་ <<མི་ཚེ་གཅིག་ལ་སྐྱེ་བ་གསུམ།>>ཞེས་པའི་མ་རྩོམ་རྒྱ་ཡིག་ནང་ཡོད་པ་དེ་ཐའེ་ཝན་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གནང་བ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༢ ཉིན་ཐའེ་ཝན་བོད་ཀྱི་དོན་གཅོག་ཁང་གི་གོ་སྒྲིག་འོག་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དབུ་འབྱེད་མཛད་སྒོ་གནང་ཡོད་ལ། བོད་འགྱུར་ཞུས་ཟིན་པ་ཡང་མཐའ་མའི་ཞུས་དག་འགྲོ་བཞིན་ཡོད་པས། རིང་མིན་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འགྲེམས་སྤེལ་ཞུ་འཆར་ལགས། དེ་བཞིན་ཉིན་དེར་ཐའེ་ཝན་བོད་ཀྱི་དོན་གཅོད་གསར་རྙིང་གི་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་བའི་མཛད་སྒོ་བསྐྱངས་པའི་དབུ་བཞུགས་སུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཕེབས་གནང་ཡོད།

Kyabji Kirtirinpoche copy༄༅།། རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ལིས་ཅང་ལིས་ལགས་ཀྱིས་བཅར་འདྲི་དང་རྩོམ་སྒྲིག་མཛད་པའི་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་རྣམ་ཐར་<<མི་ཚེ་གཅིག་ལ་སྐྱེ་བ་གསུམ།>>ཞེས་པའི་དབྱིན་འགྱུར་མ་བོད་ཀྱི་དཔེ་མཛོད་ཁང་ནས་པར་བསྐྲུན་གནང་བ་ཉེ་ལམ་དྲ་ཐོག་ནས་དབུ་འབྱེད་ཞུས་པ་ལྟར་ཡིན་ལ།འདིའི་མ་རྩོམ་རྒྱ་ཡིག་ཅན་ཐེ་ཝན་དོན་གཅོད་ཁང་གིས་རྐང་འགན་བཞེས་ཏེ་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་གྱི་ལས་གཞི་འགྲོ་བཞིན་ཡོད་པ་དང་། བོད་འགྱུར་ཞུས་ཟིན་པ་ཡང་མཐའ་མའི་ཞུས་དག་འགྲོ་བཞིན་ཡོད་པས།རིང་མིན་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འགྲེམས་སྤེལ་ཞུ་འཆར་ལགས།

༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་གྱིས། 

 

དང་པོ།  སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་བྱ་དགོས་པའི་རྒྱུ་མཚན།

photo1470577818138༄༅།། བོད་ནང་དུ་ཕྲན་དང་དམིགས་བསལ་འབྲེལ་ཡོད་དགོན་སྡེ་ཁག་ཏུ་གསར་འཛུགས་བྱས་པའི་སྔོན་འགྲོའི་ནང་བསྟན་སློབ་གཉེར་ཁང་རྣམས་ཀྱི་ན་གཞོན་དགེ་འདུན་པ་རྣམས་ལོ་རེ་བཞིན་ལུས་སེམས་གཉིས་ཀ་འཚར་ལོངས་ཡོང་བཞིན་ཡོད་ནའང་བསླབ་གཞིའི་སློབ་དེབ་ཆ་ཚང་བ་དང་གཅིག་གྱུར་ཅིག་མེད་པ། ལྷག་པར་དགེ་འདུན་པ་ན་གཞོན་ཚོའི་དགོས་མཁོ་དང་མཐུན་ཞིང་ལོ་ཚོད་དང་འཚམས་པའི་བསླབ་གཞི་ལ་རྒྱུས་མངའ་མེད་པའི་དཀའ་ངལ་དངོས་སུ་ཕྲད་པས། སློབ་དེབ་བློ་གསལ་མགུལ་རྒྱན། ཞེས་པ་སྔོན་འགྲོའི་འཛིན་གྲྭ་དང་གཞི་རིམ་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་བསླབ་གཞིའི་སློབ་དེབ་རྣམས་ཕྲན་ནས་འགན་བླངས་ཏེ་རྩོམ་སྒྲིག་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། འབྲེལ་ཡོད་སྐོར་ཞིག་གིས་སློབ་དེབ་རྩོམ་སྒྲིག་གནང་ཚེ་དགེ་འདུན་པ་ན་གཞོན་སྤྱི་ལ་དམིགས་པའི་སློབ་དེབ་ཅིག་རྩོམ་སྒྲིག་གནང་ན་དཀའ་ལས་བརྒྱབ་པ་དེས་ཕན་ཐོགས་ཆེ་བ་ཡོད་ཚུལ་གྱི་བསམ་ཚུལ་གནང་བ་ནི་དོན་ལ་གནས་པར་མཐོང་ནས།

Book 18 Small མཚན་བྱང་།   བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་དེབ་ཕྲེང་དང་པོ།

མཛད་པ་པོ།   ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།     ཀིརྟི་ཚང་གི་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་དགོན་སྡེ་ཁག་གིས་དགོན་པའི་གཞོན་སྐྱེས་རྣམས་ལ་གནའ་དེང་ཟུང་འབྲེལ་གྱིས་སློབ་གཉེར་སྤྲོད་སྟངས་སོགས་འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་ཁག

   དེ་ཡང་བཅའ་ཡིག་རང་གི་སྔོན་གླེང་དུ་གསུང་དོན་"ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་འཆད་ཉན་ཉམས་ཞིབ་ཚོགས་ཆུང་གི་ྋསྙན་ཐོ། འཛམ་གླིང་སྤྱི་སྲོལ་བཅས་ལ་ཞིབ་འཇུག་གིས་ངོས་ཀྱི་སྐུ་ཕྲེང་གོང་མ་ཚོས་རང་རེའི་གདན་ས་གོང་འོག་ལ་གནང་བའི་བཅའ་ཡིག་རིན་པོ་ཆེ་སྔ་ཕྱིའི་དགོངས་དོན་གྱི་ཚངས་ཐིག་གི་རྒྱ་ལས་མ་བརྒལ་ཞིང་། དེང་དུས་ཀྱི་ལུགས་དང་མཐུན་པར་འགྱུར་བཞིན་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གྱི་གྲྭ་ཚང་ཆེ་ཁག་དྲུག་གིས་མཚོན། ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་གི་སློབ་སྦྱོང་གི་ལམ་ལུགས་དང་བསྟུན་གང་ཐུབ་ཀྱིས།ྋརོང་ཆེན་བསྟན་པའི་སྒྲོན་མེའི་གདན་ས་ཆེ་ཁག་གི་འཆད་ཉན་སློབ་གཉེར་གྱི་ལམ་སྲོལ་གཅིག་གྱུར་ཡོང་ཐབས་ཀྱི་རྩ་འཛིན་ཡིག་ཆ་བཅའ་ཡིག་བློ་གསལ་འཇུག་ངོགས་དང་། བཅའ་ཡིག་ཟུར་རྒྱན་བཅས་གནས་སྐབས་ཕྱག་ལེན་བྱེད་བདེ་བའི་ཆེད་ཟིན་བྲིས་སུ་བཀོད་པ་ཡིན། ཉམས་མྱོང་ལ་བརྟེན་པའི་སེམས་ཀྱི་འཆར་སྒོ་རྣམས་གོ་རིམ་མ་འཆོལ་བར་ཕྱོགསབསྡུས་བྱས་ཏེ། རྩོམ་ལུགས་དང་ཚིག་སྦྱོར་སྔ་མོའི་བཅའ་ཡིག་གི་འགྲོས་དང་མཐུན་པར་བསམ་ཚུལ་ཙམ་བཀོད་པ་མ་གཏོགས་བཀོད་ཁྱབ་བཏངབ་ཞིག་མིན་པ་མཁྱེན་དགོས། མ་འོངས་པའི་མདུན་ལམ་ནི་མི་མང་གི་ལག་ཏུ་ཡོད་དགོས་པས་མང་མོས་ཀྱིས་ལམ་མ་ནོར་བ་འདེམས་རྒྱུ་གལ་ཆེ།

         དེང་སྐབས་རིས་སུ་མ་ཆད་པའི་འདུས་སྡེ་རྣམས་ཀྱིས་འཆད་ཉན་སློབ་གཉེར་མཛད་སྟངས་ཀྱི་ལམ་སྲོལ་འགའ་ཤས་ལ་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་ལེགས་བཅོས་གནང་དགོས་པའི་དགོངས་འཆར་ཕྱོགས་གང་ས་ནས་ཡོང་དང་ཡོང་བཞིན་པའི་སྐབས་འདིར་དགོངས་པའི་དཔྱད་གཞིར་ཕན་ཐོགས་ཕྲན་བུ་རེ་ཡོང་བའི་རེ་བའང་བྱས་ཡོད།" ཞེས་གསུངས་པ་ལྟར་རོ།

ཕབ་ལེན་བྱེད་ས།

 

book 17 Small མཚན་བྱང་།    བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་ཟུར་རྒྱན་དེབ་ཕྲེང་དང་པོ།

མཛད་པ་པོ།    ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།      ཀིརྟི་ཚང་གི་ཐུན་མོང་མ་ཡིན་པའི་འབྲེལ་ཡོད་དགོན་སྡེ་ཁག་གིས་དགོན་པའི་གཞོན་སྐྱེས་རྣམས་ལ་གནའ་དེང་ཟུང་འབྲེལ་གྱིས་སློབ་གཉེར་སྤྲོད་སྟངས་སོགས་འགྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་ཁག

    དེ་ཡང་བཅའ་ཡིག་རང་གི་སྔོན་གླེང་དུ་གསུང་དོན་"ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་འཆད་ཉན་ཉམས་ཞིབ་ཚོགས་ཆུང་གི་ྋསྙན་ཐོ། འཛམ་གླིང་སྤྱི་སྲོལ་བཅས་ལ་ཞིབ་འཇུག་གིས་ངོས་ཀྱི་སྐུ་ཕྲེང་གོང་མ་ཚོས་རང་རེའི་གདན་ས་གོང་འོག་ལ་གནང་བའི་བཅའ་ཡིག་རིན་པོ་ཆེ་སྔ་ཕྱིའི་དགོངས་དོན་གྱི་ཚངས་ཐིག་གི་རྒྱ་ལས་མ་བརྒལ་ཞིང་། དེང་དུས་ཀྱི་ལུགས་དང་མཐུན་པར་འགྱུར་བཞིན་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གྱི་གྲྭ་ཚང་ཆེ་ཁག་དྲུག་གིས་མཚོན། ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་གི་སློབ་སྦྱོང་གི་ལམ་ལུགས་དང་བསྟུན་གང་ཐུབ་ཀྱིས། ྋརོང་ཆེན་བསྟན་པའི་སྒྲོན་མེའི་གདན་ས་ཆེ་ཁག་གི་འཆད་ཉན་སློབ་གཉེར་གྱི་ལམ་སྲོལ་གཅིག་གྱུར་ཡོང་ཐབས་ཀྱི་རྩ་འཛིན་ཡིག་ཆ་བཅའ་ཡིག་བློ་གསལ་འཇུག་ངོགས་དང་། བཅའ་ཡིག་ཟུར་རྒྱན་བཅས་གནས་སྐབས་ཕྱག་ལེན་བྱེད་བདེ་བའི་ཆེད་ཟིན་བྲིས་སུ་བཀོད་པ་ཡིན། ཉམས་མྱོང་ལ་བརྟེན་པའི་སེམས་ཀྱི་འཆར་སྒོ་རྣམས་གོ་རིམ་མ་འཆོལ་བར་ཕྱོགསབསྡུས་བྱས་ཏེ། རྩོམ་ལུགས་དང་ཚིག་སྦྱོར་སྔ་མོའི་བཅའ་ཡིག་གི་འགྲོས་དང་མཐུན་པར་བསམ་ཚུལ་ཙམ་བཀོད་པ་མ་གཏོགས་བཀོད་ཁྱབ་བཏངབ་ཞིག་མིན་པ་མཁྱེན་དགོས། མ་འོངས་པའི་མདུན་ལམ་ནི་མི་མང་གི་ལག་ཏུ་ཡོད་དགོས་པས་མང་མོས་ཀྱིས་ལམ་མ་ནོར་བ་འདེམས་རྒྱུ་གལ་ཆེ།

         དེང་སྐབས་རིས་སུ་མ་ཆད་པའི་འདུས་སྡེ་རྣམས་ཀྱིས་འཆད་ཉན་སློབ་གཉེར་མཛད་སྟངས་ཀྱི་ལམ་སྲོལ་འགའ་ཤས་ལ་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་ལེགས་བཅོས་གནང་དགོས་པའི་དགོངས་འཆར་ཕྱོགས་གང་ས་ནས་ཡོང་དང་ཡོང་བཞིན་པའི་སྐབས་འདིར་དགོངས་པའི་དཔྱད་གཞིར་ཕན་ཐོགས་ཕྲན་བུ་རེ་ཡོང་བའི་རེ་བའང་བྱས་ཡོད།" ཞེས་གསུངས་པ་ལྟར་རོ། །

ཕབ་ལེན་བྱེད་ས།

 

 

 

 

Book 14

མཚན་བྱང་།    ལུགས་ཟུང་གསུང་འཕྲིན་བསླབ་བཏུས།

མཛད་པ་པོ།    ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།             ལུགས་ཟུང་བསླབ་བྱ།

 

                དེ་ཡང་དེབ་འདིའི་སྔོན་གླེང་དུ་"འགྲོ་བའི་འདྲེན་པ་ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་ྋརྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་གསུང་བཤད་དང་གསུང་འཕྲིན་བསླབ་བཏུས་ཀྱི་དེབ་ཕྲེང་གོང་མ་དག་གི་གླེང་བརྗོད་དུ་བཀོད་ཟིན་པ་ལྟར། ཁོང་རིན་པོ་ཆེའི་དགོངས་པའི་ཁ་ཕྱོགས་ནི་གཙོ་བོ་དཀའ་ངལ་དང་ཉམ་ཐག་གི་གནས་སུ་ལྷུང་བའི་གཞིས་ལུས་བོད་མི་མང་ལ་ཁ་ཕྱོགས་ཏེ་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལྟར། འདི་ནས་སྔ་ཕྱིར་གསུང་བཤད་དང་གསུང་འཕྲིནབསླབ་བཏུས་དཔར་བསྐྲུན་འགྲེམས་སྤེལ་བྱས་པས་འབྲེལ་ཡོད་སེར་སྐྱ་མང་ཚོགས་ཀྱི་ཀུན་སྤྱོད་དང་ཤེས་ཡོན་སློབ་གསོའི་ཐད་ཕན་ནུས་ངེས་ཅན་ཐོན་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་བྱུང་བར། ངེད་ཅག་གིས་ཁོང་རིན་པོ་ཆེའི་གཞན་ཕན་གྱི་དགོངས་པའི་ཆ་ཤས་ཤིག་འགྲུབ་ཐུབ་པར་དགའ་སྤོབས་འཕེལ་བཞིན་པ་ནི་གསུང་རྩོམ་དཔར་བསྐྲུན་བྱས་པའི་ཉིང་དགོས་ཡིན་ལ། དགོས་པ་གཞན་ཞིག་ནི་ལོ་རྒྱུས་དང་རིག་གཞུང་ལ་ཉམས་ཞིབ་དང་དཔྱད་བརྗོད་གནང་མཁན་བློ་གཟུར་བོར་གནས་པ་རྣམས་ཀྱིས་ཁོང་རིན་པོ་ཆེའི་དགོངས་པ་བཞེས་ཕྱོགས་དང་ཐུགས་འདུན་སོགས་འཁྲུལ་མེད་གསལ་རྟོགས་ཐུབ་པའི་དགེ་མཚན་ཞིག་ཀྱང་ཡོད་པར་བརྟེན།

              ད་ཐེངས་ལུགས་ཟུང་གསུང་བཤད་བསླབ་བཏུས་པོད་ཕྲེང་བཞི་པར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་བསྩལ་པའི་བཀའ་སློབ་ཀྱིས་མཚོན་གསུང་བཤད་ཚན་པ་བཅུ་བཞི་འདེམས་བསྒྲུགས་ཀྱིས་ལོ་ཁམས་དང་ཟླ་དུས་ཀྱི་བང་རིམ་ལྟར་བསྒྲིགས་ནས་དཔར་འགྲེམས་ཞུས་པ་ཡིན།"ཞེས་གསུངས་པ་ལྟར་རོ། །

 ཕབ་ལེན་བྱེད་ས།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.