DSC 2414 Lhakdor༄༅།། ཕྱི་ལོ་༢༠༡༧ ཟླ་༥ ཚེས་༡༧ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁས་པའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་ངོས་ནས་ཇི་ལྟར་སྙན་སེང་ཞུས་དོན་ལྟར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་འདི་ག་གྲྭ་ཚང་གི་དགེ་སློབ་ལས་བྱེད་ཕལ་མོ་ཆེ་འཛོམས་པའི་དབུས་སུ་ལོ་མང་པོའི་རིང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་དབྱིན་ཇིའི་གསུང་བསྒྱུར་དང་། བོད་ཀྱི་དཔེ་

མཛོད་ཁང་གི་ལས་དོན་དང་འབྲེལ་ནས་རིག་གནས་སྣ་ཚོགས་ལ་འབྲེལ་འདྲིས་གནང་བའི་ཉམས་མྱོང་དང་། ཤེས་རྟོགས་གཞི་ལ་བཞག་ནས་ཇི་ལྟར་མི་བཟང་པོ་ཞིག་བྱེད་དགོས་པའི་ཚུལ་དང་། དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་པ་བཟང་པོ་ཞིག་བྱེད་དགོས་པའི་ཚུལ། བོད་མི་བཟང་པོ་ཞིག་བྱེད་དགོས་པའི་ཚུལ་གསུམ་ལས་འཕྲོས་ཏེ་གསུང་གླེང་མང་པོ་གནང་ཞིང་། མཐར་དྲི་བ་ཁག་ལ་དྲིས་ལན་བཅས་གནང་བའི་གསུང་བཤད་ཆ་ཚང་གཤམ་དུ་བཀོད་ཡོད་པ་ལགས་ན། དོན་གཉེར་དང་ལྡན་པ་རྣམས་ཀྱིས་དེ་ལུགས་དགོངས་མངའ་ཡོང་བར་ཞུ།

DSC 2428 Lhakdor

 

དགེ་བཤེས་ལྷག་རྡོར་ལགས་ཀྱི་འཁྲུངས་ཡུལ་ནི་སྟོད་མངའ་རིས་ནས་ཡིན་ཞིང་། ཕྱི་ལོ་༡༩༧༦ ནས་རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་ནང་དོན་རིག་པར་སློབ་སྦྱོང་གནང་བ་དང་། ཕྱི་ལོ་༡༩༨༢ ལོར་ཕར་ཕྱིན་རབ་འབྱམས་པ་དང་། ཕྱི་ལོ་༡༩༨༩ ལོར་དབུ་མ་རབ་འབྱམས་པའི་བསླབ་པ་མཐར་སོན་པ་དང་ཕྱོགས་མཚུངས་དྷི་ལི་མཐོ་སློབ་ཁང་ནས་སེམས་ཁམས་རིག་པའི་སློབ་དཔོན་གྱི་ཕྱག་ཁྱེར་ཡང་ཐོབ། ཕྱི་ལོ་༢༠༠༢ ལོ་ནས་བཟུང་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁུ་ཝར་ནང་ཡོད་པའི་བི་རི་སི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་གི་ཆེ་བསྟོད་སློབ་དཔོན་གྱི་གོ་གནས་ཡོད་མུས་དང་།

ཕྱི་ལོ་༡༩༨༩ ནས་༢༠༠༥ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་ཇིའི་གསུང་བསྒྱུར་གནང་ཡོད་ལ། ༸གོང་ས་མཆོག་གི་ཕྱག་དེབ་མང་པོར་ཡིག་བསྒྱུར་དང་པར་སྐྲུན་གྱི་ཕྱག་ལས་གནང་མྱོང་ཡོད།

 ཕྱི་ལོ་༢༠༠༨ ལོར་དྷི་ལི་གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པའི་སྡེ་ཚན་ནས་ཆེ་བསྟོད་སློབ་དཔོན་གྱི་གོ་གནས་ཕུལ། ཕྱི་ལོ་༢༠༠༥ ནས་རྒྱ་གར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན་པ་བཅས་མདོ་བསྡུས་ཙམ་མོ།།

 

དཔེ་དེབ་གསར་སྣོན།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

རྩོམ་ཡིག་གསར་ཤོས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.