༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་ཚེས་དང་འབྲེལ་ནས་གཞིས་བྱེས་གཉིས་སུ་དགེ་སྒྲུབ་རྒྱ་ཆེར་གནང་བ།
ལོ་རེའི་ཕྱི་ཟླ་༨ ཚེས་༨ ནི་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་ཚེས་ཡིན་ཞིང་། ཉིན་དེར་དམིགས་བསལ་གྱི་མཛད་སྒོ་དེ་འདྲ་གང་ཡང་མེད་ནའང་། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཡོད་དགོན་པ་སོ་སོའི་གཞུང་དང་། གྲྭ་ཚང་། འཛིན་གྲྭ། སློབ་གྲྭ། གྲོང་སྡེ། ཤོག་ཀ སྐྱིད་སྡུག་ཚོགས་པ་ཆེ་ཆུང་སྣ་ཚོགས། གྲོགས་པོའི་ཚོགས་པ། གླུ་གར་ཚོགས་པ། མི་ཚང་དང་། མི་སྒེར་པ་སོགས་སྤྱི་སྒེར་སེར་སྐྱ་ཕོ་མོ་རྒན་གཞོན་ཧ་ཅང་མང་པོས། མ་སྐུལ་དང་བླངས། མ་བགྲོས་བསམ་པ་གཅིག་མཐུན་གྱིས་སྐུའི་འཁྲུངས་ཚེས་དང་འབྲེལ་ནས་ཁ་ཡོད་ལག་ཡོད་ཀྱི་རྣམ་དཀར་དགེ་བའི་ལས་གང་ཐུབ་རེ་སྤེལ་རྒྱུ་ལོ་ཤས་གོང་ནས་སྲོལ་ལྟར་གྱུར་ཡོད་པས་ད་ལོ་ཡང་མགོན་པོ་གང་གི་སྐུ་ཚེ་ཧྲིལ་པོའི་ཐུགས་དམ་གྱི་མཐིལ་དུ་མཛད་པའི་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཐུགས་དགོངས་དང་མཐུན་
ཀིརྟི་ཚང་གི་སྒོས་ཀྱི་བཀའ་སྲུང་ནོར་བདག་ཀརྨ་བཛྲ་གྱི་གཏེར་སྒྲུབ་དང་ལྷ་ཚེས་རྒྱས་པ།
ཕྱི་ལོ་༢༠༡༦ཟླ་༨ཚེས་༡༡ནས་༸སྐྱབས་མགོན་ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་ནས་ཀིརྟི་ཚང་གི་སྒོས་ཀྱི་བཀའ་སྲུང་དུ་གྱུར་པ་བསྟན་སྲུང་ནོར་བདག་ཀརྨ་བཛྲ་གྱི་གཏེར་སྒྲུབ་ཡི་དམ་རྟ་མགྲིན་ཡང་གསང་གི་སྒོ་ནས་བླ་གྲྭ་བཅུ་གཅིག་གིས་ཉིན་བདུན་རིང་ཚོགས་པ་དང་། ཕྱི་ཚེས་༡༨། བོད་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་ཏེ་ཀིརྟི་ཚང་གི་སྒོས་ཀྱི་བཀའ་སྲུང་དུ་བསྐོས་པའི་ཉིན་
སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་རྗེ་རིན་པོ་ཆེའི་ལྟ་བའི་སྐོར་ལ་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ།
༄༅།། ཕྱི་ཟླ་༨ པའི་ཚེས་༢ ཉིན་གྱི་དགུང་མོ་ཆུ་ཚོད་བདུན་པ་ནས་དགུ་བ་བར་དུ་སྐུའི་གསུང་བསྒྱུར་དགེ་བཤེས་མཁས་དབང་ཐུབ་བསྟན་སྦྱིན་པ་མཆོག་གིས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་གྲྭ་ཚང་གི་དཔེ་ཁྲིད་དགེན་དང་སློབ་གཉེར་བ་བཅས་འདུས་མང་ཚང་འཛོམས་སར། ༸འཇམ་མགོན་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་ཆེན་པོའི་ལྟ་བའི་སྐོར་ལ་གསུང་བཤད་དང་མཇུག་ཏུ་དྲི་བ་















