photo1476953387820༄༅།། འདི་ག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་དཔོན་ཆེན་མོ་འབྲིང་བ་དཀོན་མཆོག་འཇིགས་མེད་ལགས་ཀྱིས་ལེགས་བཤད་ལྗོན་དབང་འཆད་ཁྲིད་གནང་བ་ཁག་བཅུ་གཅིག་པ་ནས་མཇུག་བར་འདི་ནས་ཉན་ཐུབ་ཀྱིན་ཡོད་པས། དོན་གཉེར་ཅན་རྣམས་ཀྱིས་ཐུགས་སྣང་ཡོད་པར་ཞུ། འཆད་ཁྲིད་གཞན་དག་ཀྱང་མུ་མཐུད་དྲ་བར་འཇོག་ངེས་ཡིན་པས་དེ་དོན་དགོངས་འཇགས་ཞུ།

 L2A6997 Desktop Resolutio01n༄༅།། སྙིགས་དུས་ཀྱི་འདུལ་བ་འཛིན་པ་ཆེན་པོ་དགེ་བཤེས་ཐུབ་བསྟན་དཔལ་བཟང་མཆོག་ནི་ཕྱི་ལོ་༡༩༦༥ ལོར་བལ་བོད་ཀྱི་ས་མཚམས་ཉིན་ཞང་དུ་སྐུ་འཁྲུངས་པ་དང་། དགུང་ལོ་བཅུའི་ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་བསླབ་པ་ལེགས་པར་མནོས་ཏེ་གྲུབ་ཚེ་མཆོག་གླིང་དུ་ཆོས་ཞུགས་མཛད། ཕྱི་ལོ་༡༩༨༠ ལོར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་མཛད་ནས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤག་སྐོར་ཉི་མ་རྒྱལ་མཚན་དང་། དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་སྐྱབས་རྗེ་རི་རྫོང་རྒྱལ་སྲས་རིན་པོ་ཆེ། བློ་གླིང་མཁན་ཟུར་ཡེ་ཤེས་ཐུབ་བསྟན་དཔལ་བཟང་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་བསྡུས་གྲྭ་དང་བློ་རྟགས་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཡོངས་རྫོགས་བསྟན་པའི་མངའ་བདག་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་མཁན་པོར་བཀུར་ནས་བསྙེན་པར་རྫོགས་ཤིང་། ཡུལ་དུས་གནས་སྐབས་གང་དུ་ཡང་ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་བར་མཛད་པས་བསྟན་པའི་མིག་རྒྱན་དུ་གྱུར།

photo1476953387820༄༅།། འདི་ག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་དཔོན་ཆེན་མོ་འབྲིང་བ་དཀོན་མཆོག་འཇིགས་མེད་ལགས་ཀྱིས་ལེགས་བཤད་ལྗོན་དབང་འཆད་ཁྲིད་གནང་བ་ཁག་དྲུག་པ་ནས་བཅུ་པ་བར་འདི་ནས་ཉན་ཐུབ་ཀྱིན་ཡོད་པས། དོན་གཉེར་ཅན་རྣམས་ཀྱིས་ཐུགས་སྣང་ཡོད་པར་ཞུ། འཕྲོ་མ་རྣམས་མུ་མཐུད་དྲ་བར་འཇོག་ངེས་ཡིན་པས་དེ་དོན་དགོངས་འཇགས་ཞུ།

photo1476953387820

༄༅།། འདི་ག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་དཔོན་ཆེན་མོ་འབྲིང་བ་དཀོན་མཆོག་འཇིགས་མེད་ལགས་ཀྱིས་ལེགས་བཤད་ལྗོན་དབང་འཆད་ཁྲིད་གནང་བ་ཁག་དང་པོ་ནས་ལྔ་པ་བར་འདི་ནས་ཉན་ཐུབ་ཀྱིན་ཡོད་པས། དོན་གཉེར་ཅན་རྣམས་ཀྱིས་ཐུགས་སྣང་ཡོད་པར་ཞུ། འཕྲོ་མ་རྣམས་མུ་མཐུད་དྲ་བར་འཇོག་ངེས་ཡིན་པས་དེ་དོན་དགོངས་འཇགས་ཞུ། 

དཔེ་དེབ་གསར་སྣོན།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

རྩོམ་ཡིག་གསར་ཤོས།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.