00༄༅།། བོད་རབ་གནས་ས་ཕག་ལོའི་གནམ་ལོ་གསར་དུ་བཞད་པའི་དུས་ཚེས་དགེ་བའི་ཉིན་མོ་འདིར་འདི་ག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་ཉི་ཤུ་ལྷག་གིས་སྐྱབས་སེམས་སྔོན་དུ་བཏང་ནས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་ཆོ་ག་དང་འབྲེལ་ནས་འདོད་ཁམས་ཀྱི་བདག་མོ་དཔལ་ལྡན་དམག་ཟོལ་རྒྱལ་མོ་ཚེས་གཏོར་རྒྱས་པ་བཏང་ཞིང་། ཆུ་ཚོད་ ཐོག་གྲྭ་ཚང་གི་དགེ་བའི་བཤེས་གཉེན་རྣམ་པའི་དབུས་གྲྭ་མང་ལྷན་འཛོམས་ཀྱིས་ཞོགས་ཇ་གསོལ་རྗེས་ཆུ་ཚོད་ ༧།༣༠ སྟེང་འདུ་ཁང་དུ་འདུས་མང་དང་འབྲེལ་ཡོད་སེར་སྐྱ་ཕོ་མོ་གང་མང་བཅས་གྲལ་དུ་འཁོད་མཚམས་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་སྤུས་སྣེ་རྒྱ་གླིང་དང་བཅས་འདུ་ཁང་གི་བཞུགས་ཁྲིར་གདན་འདྲེན་ཞབས་སོར་འཁོད་འཕྲལ།

01 5༄༅།། ཡབ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དང་འབྲེལ་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས༌ཀྱི་མཁས་པའི་བགྲོ་གླེང་ཆེན་མོ༌ཐེངས་དང་པོའི་སྐབས་ཀྱི་ཚོགས་ཆུང་ཁག་བདུན་གྱི་དགོངས་འཆར་ཕྱོགས་བསྡོམས་ཞུས་པར་མང་མོས་དང་སྤྱི་མོས་ཀྱི་ལམ་ནས་གཏན་འབེབས་གནང་བའི་གྲོས་ཆོད་དང་། སྐབས་དེའི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་ལམ་སྟོན་བཀའ་སློབ་ཟབ་མོ་ཕེབས་པ་སོགས་སྐབས་དེའི་མཛད་སྒོའི་ཡུལ་དངོས་དང་འབྲེལ་བའི་འདྲ་པར་ཁག་ཅིག་དང་། དེ་བཞིན་ཚོགས་ཁག་བདུན་གྱིས་བགྲོ་གླེང་གནང་བཞིན་པའི་སྐབས་ཀྱི་འདྲ་པར་བཅས་མཚོན་ཙམ་ཞིག་འདིར་བཀོད་པ་གཤམ་གསལ།

3L2A7927 Desktop Resolution༄༅།། ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༡༢ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁས་པའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་༸སྙན་སེང་ཞུས་དོན་ལྟར། སྙིགས་དུས་ཀྱི་འདུལ་བ་འཛིན་པ་མདོ་སྔགས་བསྟན་པའི་གཙུག་རྒྱན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་དངོས་ཕེབས་ཀྱིས་གྲྭ་ཚང་གི་མཁན་རིན་པོ་ཆེས་

PT 02༄༅།། བོད་མི་མང་གིས་བདམས་པའི་མི་རྗེ་སྐུ་ངོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། སླད་མར་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་བགྱི་སྒོ་གང་ཡོད་བོད་མི་རིགས་ཀྱི་མགོན་སྐྱབས་དང་དཔུང་གཉེན་བླ་ན་མེད་པ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་དང་མཐུན་པར་གེགས་མེད་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ། 

2023.3.28 12༄༅།། ལོ་སར་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་གུང་སེང་སྐབས་ཀྱི་ལས་དོན་རྣམས་གྲུབ་པ་དང་། ལོ་གསར་པ་འདིའི་ནང་གི་བྱེད་སྒོ་མཐའ་དག་རིམ་བཞིན་འགོ་འཛུགས་བྱས་པའི་ཁྲོད་ཕྱི་ཟླ་ ཚེས་ ༡༢ ཉིན་ནས་གུང་སེང་ཆེན་མོ་ཚར་བ་དང་། ཕྱི་ཟླ་ ཚེས་ ༡༣ ནས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་། བདག་ཅག་རྣམས་ཀྱི་མེ་ཏོག་གང་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་།

photo 2022 01 02 10.50.28ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༤ ནས་ ༢༨ བར་དུ་ཟླ་གསུམ་ཐ་མའི་རྒྱུགས་སྤྲོད་ལེན་གནང་བ་དང་། ཕྱི་ཚེས་ ༢༩ ཉིན་དགའ་ལྡན་ལྔ་མཆོད་ལ་ཁེལ་བས་ཚོགས་དང་ཕར་ཕྱིན་དམ་བཅའ་སོགས་སྔར་ལྟར་ཡོད་ནའང་། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ན་ཚའི་དབང་གིས་གོས་ཐང་ཆེན་མོ་བཤམ་ནས་མི་མང་དང་ལྷན་དུ་རྗེ་ཐམས་ཅད་མཁྱེན་པ་རྗེས་སུ་དྲན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ད་ལོ་ཡང་ཚོགས་ཐུབ་མེད། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢ ཉིན་ནས་བཅའ་ཡིག་ཆེན་མོའི་དགོངས་དོན་ལྟར་ཉིན་ ༢༠ རིང་གི་ཚད་མའི་དགུན་ཆོས་ཚོགས་བཞིན་པ་དང་། མཛོད་འདུལ་གྱི་འཛིན་གྲྭ་གཉིས་ཀས་ལོ་འཁོར་རྒྱུགས་སྤྲོད་ལ་གྲྭ་སྒྲིག་གིས་རང་སྦྱོང་གནང་བཞིན་པ་བཅས་ལོ་གཅིག་གི་སློབ་གཉེར་གྱི་བྱེད་སྒོ་ཁག་མཇུག་གྲུབ་ལ་ཉེ་བ་ལགས་སོ། །

 

01༄༅།། དེང་སྐབས་འཛམ་གླིང་ནང་དཀའ་ངལ་ཆེན་པོར་གྱུར་པའི་ཏོག་དབྱིབས་རིམ་ནད་གསར་པ་གང་སར་མཆེད་བཞིན་པའི་ཆེས་ཛ་དྲག་གི་དུས་སྐབས་འདིར་རྒྱ་གར་དབུས་སའི་གཞུང་གིས་ནད་རིམ་ལ་གདོང་ལེན་དང་སྔོན་འགོག་ཆེད་ཐེམ་སྤང་བཀའ་རྒྱ་བཏང་བ་སོགས་ལས་རིམ་མང་པོ་ཞིག་འགྲོ་མུས་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་གུས་ཅག་བོད་མི་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཅས་སུ་གྱུར་པའི་ཧི་མ་ཅལ་ཀང་ར་རྫོང་ཁོངས་མི་མང་རྣམས་ལ་ངལ་སེལ་རོགས་སྐྱོར་ལ་དམིགས་ནས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་ནས་སྐུ་ཞབས་རྫོང་དཔོན་མཆོག་བརྒྱུད་ཧིན་སྒོར་འབུམ་གསུམ་གྱི་ཞལ་འདེབས་དང་། ནད་ཡམས་མྱུར་ཞི་ཡོང་བའི་སྨོན་ལམ་ཤུགས་དྲག་དང་བཅས། 

ALak jedul 01 1༄༅།། ཕྱི་ལོ་༢༠༡༧ ཟླ་༦ ཚེས་༣༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༠༠ སྟེང་འདི་ག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ། ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་ལམ་དགེ་རྒན་རིས་མེད་སློབ་དཔོན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་ ( སིདྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི། ) ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

03ཕྱི་ལོ་ ༢༠༢༠ ལོ་ནི་འཛམ་གླིང་གི་ལོ་ནག་ཅིག་ཡིན་པར་སོང་། འདི་ག་གྲྭ་ཚང་དུ་ཡང་ལོ་གཅིག་མ་ཟིན་ཙམ་རིང་ཁྱིམ་སྡོད་བཀའ་རྒྱའི་འོག་ཕྱི་ནང་གི་འགྲོ་འོང་བཀག་སྡོམ་བྱས་པ་དང་། བསླབ་པ་སློབ་གཉེར་གཙོ་བོར་གྱུར་པའི་གནང་སྒོ་མང་པོ་ཞིག་ལའང་སྔར་བཞིན་བྱེད་མ་ཐུབ་པར་དཀའ་ངལ་བྱུང་ཡོད། འོན་ཀྱང་ཕྱི་ལོ་ ༢༠༢༡ ཟླ་༢ པ་ནས་བཟུང་རྡ་སའི་ཉེ་འཁོར་ལ་དགེ་འདུན་པ་རྣམས་ཕེབས་ཆོག་པའི་སྒོ་འབྱེད་བྱས་པར་མ་ཟད།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.