དང་པོ། དབུ་མཛད་ནི། འདོན་ཕྱག་ལེན། མཆོད་གཏོར་བཅའ་བཤམས་སོགས་གྲྭ་ཚང་འདིའི་ཆོས་སྤྱོད་སོགས་ཆོ་ག་ཕྱག་ལེན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་ལས་ཀ་ཐམས་ཅད་ཀྱི་མཛད་འགན་གཙོ་བོར་བཞེས་དགོས་ཤིང༌། དེ་ཡང་སྔགས་ཕྱོགས་རྒྱུད་སྟོད་ཀྱི་ཕྱག་བཞེས་དང་མདོ་ཕྱོགས་བློ་གསལ་གླིང་གྲྭ་ཚང་གི་འདོན་རྟ་དབྱངས་དང་མཐུན་གང་ཐུབ་མཛད་དགོས། འདོན་བཟང་བ་དང་སྐད་སྒྲ་པ་གྲ་སྒྲིག་གིས་ཚོགས་འདོན་གཤར་སྦྱང༌།

དབྱངས་ཆགས། རྟ་སྦྱོང༌། འབུད་བརྡུང་དཀྲོལ་གསུམ་ལ་བསྐྱར་སྦྱོང་སོགས་སྐབས་སོ་སོར་དུས་ལས་ཡོལ་བ་མེད་པར་མཛད་དགོས། དུང་དཀར་དང༌། དུང་ཆེན། རྒྱ་གླིང་སོགས་ཀིརྟི་དགོན་པའི་ཐུན་མོང་མ་ཡིན་པའི་འབུད་བསྐྱར་སྦྱོང་དང་འབུད་གསར་སློབ་སོགས་སྐབས་སོ་སོར་གོ་སྒྲིག་མཛད་དགོས།   

གཉིས་པ། ཚོགས་སྔ་ཕྱིའི་དུས་ཚོད་དང་ཚོགས་ཀྱི་ཡང་ལྕི་ནི་མཁན་པོ་དང་དགེ་བསྐུལ་ལ་གོ་བསྡུར་གྱིས་ཆབ་རིལ་ལ་ལན་བརྡ་སྤྲོད་དགོས། ཇ་ཐུག་གཏོང་བའི་དུས་ཚོད་སོགས་དགེ་བསྐུལ་དང་གཉེར་པར་གོ་བསྡུར་གྱིས་སྔོན་བརྡ་གཏོང་དགོས། འདུ་ཁང་ནང་གི་བཞུགས་ཁྲི་དང་གདན་རྒྱག མཆོད་གཏོར་བཅའ་བཤམས་སོགས་སླ་ཆོས་སུ་མ་སོང་བའི་ངོས་གཙང་མཐོང་བ་བརྒྱུད་པའི་ཕྱག་ལེན་བཞིན་མཛད་པའི་འགན་བཞེས་དགོས།     

གསུམ་པ། རྒྱུན་གྱི་བྱེད་སྒོ་ནི། ཚེས་གཏོར། ཟླ་རེའི་ལྷ་ཚེས་གཉིས། ཟླ་བསྐང༌། ལྔ་མཆོད། དུས་ཆེན་ཁག་གི་རྒྱུན་ཚོགས། གྲྭ་ཚང་གི་སྤྱི་པའི་ཞབས་རིམ་དུ་ལོ་ལྟར་བཀའ་འགྱུར་དག་སྒྲོག སྒྲོལ་མ་འབུམ། གཡང་སྒྲུབ་སོགས་ཀྱི་འགན་བཞེས་དགོས་ལ། གྲྭ་ཚང་ལ་འདོན་བསྐུལ་ཞུས་པའི་ཞབས་རིམ་ཁག་གི་སྒྲུབ་ཐོ་ཁམས་དྭངས་ཡིག་ཚང་ལ་གནང་དགོས། ཞབས་རིམ་རྣམས་དུས་ཚོད་སྔ་ཕྱི་གུང་སྒྲིག་གིས་ཞབས་བརྟན་ཆད་ལྷག་མེད་པར་སྒྲུབ་ཐུབ་པའི་འཆར་འགོད་ཀྱིས་སྒྲུབ་ཐུབ་པའི་འབད་བརྩོན་གནང་དགོས།  

བཞི་པ། འདུ་ཁང་ནང་གི་སྐུ་གསུང་ཐུགས་རྟེན། ཁྲི་ཆས། མཆོད་ཆས། མཆོད་རྫས་ཡོངས་རྫོགས་ཀྱི་བདག་གཉེར་དང་རྩིས་ལེན་གནང་དགོས་ཤིང༌། གཞུང་གི་ལོ་གཏོར་ཁག་དུས་ཐོག་སོ་སོར་རྒྱུ་རྫས་སྤུས་གང་ལེགས་ཀྱིས་བརྗེ་ལེན་བྱེད་དགོས་པའི་འགན་ཡང་ཡོད།  

ལྔ་པ། དབུ་མཛད་གཞོན་པས་རྒྱུན་དུ་ཆོས་རའི་དབུ་མཛད་དང་དབུ་མཛད་མེད་པའི་སྐབས་དབུ་མཛད་ཀྱི་ཚབ་མཛད་ནས་ཞལ་འདོན་དང་ཞབས་རིམ་གྱི་འགན་ཡང་བཞེས་དགོས།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.