འདི་གའི་གློག་ཀླད་སྡེ་ཚན་ནས་སློབ་སྤྱི་ལས་ཁུངས་ཀྱི་སློབ་ཚན་འཆར་འགོད་དང་ གསལ་བསྒྲགས་རིགས། རྩོམ་སྒྲིག་སྡེ་ཚན་ནས་ལོ་རེའི་ནང་འཆར་འགོད་བགྱིས་པའི་དཔེ་དེབ་རྣམས་ཐོག་མའི་ པར་རྩ་འཇུག་པ་དང་དེ་ཞུ་བསྒྲིགས་བྱས་པ་རྣམས་བསྐྱར་བཅོས་ཀྱིས་དེབ་གཟུགས་སུ་ བསྐྲུན་རྒྱུ། དེང་དུས་དང་འཚམ་པའི་ཕྱིའི་དབྱིབས་རིས་ཇུས་འགོད་ཀྱི་ལས་གཞི་རྣམས་ལག་བསྟར་ གྱི་འགན་བཞེས་དགོས་པ་ཡིན།

ཕྱིའི་དངོས་པོའི་དཔལ་ཡོན་ཡར་རྒྱས་འགྲོ་བ་དང་མཉམ་ནང་བསམ་བློའི་ཤེས་ཡོན་ཡང་ གོང་འཕེལ་གྱི་ཐབས་ལམ་འཚོལ་དགོས་པ་སྨྲོས་མེད་ལ་སོང༌། གྲྭ་ཚང་གི་འཛིན་སྐྱོང་ལས་བྱེད་པ་དང་སློབ་མཐར་སོན་པ་རྣམས་ལས་གློག་ཀླད་སྦྱོང་ འདོད་ཡོད་རིགས་རྣམས་ལ་དམིགས་བསལ་གློག་ཀླད་འཛིན་གྲྭ་ཟུར་འཛུགས་བྱས་ཏེ་སྦྱོང་ བརྡར་སྤྲོད་བཞིན་ཡོད་ལ།

གློག་ཀླད་དགེ་རྒན་གྱིས་གྲྭ་ཚང་དང་འབྲེལ་བའི་ལས་དོན་གལ་ཆེན་རྣམས་བརྙན་ལེན་པ་དང་། སྒྲིག་སྦྱོར་དང་ཉར་ཚགས། དེ་མཚུངས་གྲྭ་ཚང་གཞུང་དང་འབྲེལ་བའི་འོད་སྡེར་གློག་བརྙན་བཟོ་བསྐྲུན་གྱི་རྒྱུ་ཆ་འཚོལ་བསྡུ་བཅས་ཀྱི་འགན་ལེན་གནང་མུས་ཡིན།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.