༄༅།། འདི་གའི་སློབ་གཉེར་པ་རེ་རེའི་ངོས་ནས་ལོ་འཁོར་མོའི་རིང་སློབ་སྦྱོང་གི་བརྩོན་འགྲུས་ལ་བཏང་ལྷོད་མི་འགྲོ་བ་དང༌། སློབ་ཚན་ཁག་ཡོངས་ལ་སློབ་སྦྱོང་ཆ་སྙོམས་སྤུས་དག་ཡོང་བའི་ཐབས་ལམ་ལེགས་ཤོས་ནི་རྒྱུགས་སྤྲོད་ཀྱི་འགྲོ་ལམ་འདི་ཉིད་སྤུས་གཙང་ཡོང་ཐབས་བྱེད་རྒྱུ་དེ་ཡིན་པར་བརྟེན། སྔར་སོང་གི་ཉམས་མྱོང་ལ་དཔགས་ཏེ་ལེགས་བཅོས་སོང་བའི་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་ནི།

                སྤྱིར་རྒྱུགས་འབྲས་ཀྱི་བརྒྱ་ཆ་དང་འཛིན་གྲྭ་འཕར་ཆག་སོགས་ལ་རྒྱུན་ལྡན་དམ་འཛིན་བྱེད་བཞིན་པ་འདི་ནི་སློབ་མའི་ཤེས་ཚད་ཇེ་མཐོར་འགྲོ་རྒྱུ་དང་འཛིན་རིམ་ཇེ་མཐོ་འགྲོ་རྒྱུ་གཉིས་ལས་སྔ་མ་གལ་ཆེ་དོན་ཆེར་བརྩིས་པ་ཞིག་ཡིན། རྒྱུགས་འཕྲོད་ཐབས་ཙམ་གཙོ་བོར་བཟུང་ན་དགོས་པ་མེད་པར་མ་ཟད་རིམ་གྱིས་ཤེས་ཚད་ཉམས་ཆག་འགྲོ་བའི་ཉམས་མྱོང་མང་པོ་ཡོད། དེས་ན། སློབ་གཉེར་པ་ཚོའི་སློབ་སྦྱོང་ཡར་རྒྱས་ཆེད་རྒྱུགས་སྤྲོད་ཀྱི་འགྲིག་ལམ་ཁག་ལ་དགེ་སློབ་ཡོངས་ཀྱིས་རྒྱུན་དུ་དམ་འཛིན་ལྷོད་མེད་བྱ་རྒྱུ་གལ་ཆེ།

དང་པོ། རྒྱུགས་འཕྲོད་མ་འཕྲོད་ཀྱི་ཚད་འཛིན་དང་འཛིན་གྲྭ་འཕར་ཆག་བྱེད་སྟངས།

༡༽ རིག་གནས་དངོས་གཞིའི་འཛིན་གྲྭ་ཀུན་ལ་ལོ་རེའི་ཟླ་གསུམ་རྒྱུགས་སྤྲོད་དང་ལོ་འཁོར་རྒྱུགས་བཅས་པར་བརྒྱ་ཆའི་རྩ་འབོར་ནས་འཕྲོད་དགོས་པ་སྨོས་མེད་ཐོག སློབ་ཚན་རེ་རེ་བཞིན་དུ་རྒྱུགས་འཕྲོད་དགོས་པ་ལས་སློབ་ཚན་གང་རུང་གཅིག་གི་རྒྱུགས་མ་འཕྲོད་ཚེ་རྒྱུགས་མ་འཕྲོད་པར་ངོས་འཛིན་བྱེད། དེ་ཡང་རྒྱུགས་ཚད་ལོངས་མ་ལོངས་ཀྱི་ཚད་གཞི་ནི་སྤྱི་སྲོལ་ལྟར་དམའ་ཤོས་བརྒྱ་ཆ ༣༦ ཡིན། དེ་མན་ཆད་རྒྱུགས་མ་འཕྲོད་པར་བརྩི། བརྒྱ་ཆ་ ༣༦ ནས་བརྒྱ་ཆ་ ༥༦ མ་ཟིན་བར་ཨང་རིམ་གསུམ་པའི་གྲས། བརྒྱ་ཆ་ ༥༦ ནས་ ༦༦ མ་ཟིན་བར་ཨང་རིམ་གཉིས་པའི་གྲས། ༦༦ ནས་ ༧༦ མ་ཟིན་བར་ཨང་རིམ་དང་པོའི་གྲས། བརྒྱ་ཆ་ ༧༦ ཡན་ལ་ཨང་དང་པོའི་དང་པོ་སྟེ་རྩེ་ཕུད་ལ་ཆ་འཛིན་བྱེད་པ་ཡིན།

༢༽ རིག་གནས་དངོས་གཞིའི་ལོ་རིམ་གསུམ་པ་ཡན་ཟླ་གསུམ་རྒྱུགས་སྤྲོད་གསུམ་ལས་གང་རུང་གཉིས་ལ་བརྒྱ་ཆའི་རྩ་འབོར་ནས་མ་འཕྲོད་ཚེ་ལོ་འཁོར་རྒྱུགས་ལ་ཞུགས་མི་ཆོག་ནའང་རང་སར་བསྡད་ཆོག ཟླ་གསུམ་གསུམ་གར་རྩ་འབོར་ནས་མ་འཕྲོད་ཚེ་ལོ་འཁོར་རྒྱུགས་ལ་ཞུགས་མི་ཆོག་པར་འཛིན་གྲྭ་འོག་མའི་ནང་འབབ་དགོས། འབབ་ཡུལ་འཛིན་གྲྭ་དེའི་ལོ་འཁོར་རྒྱུགས་སྤྲོད་མིན་རང་དབང་ཡིན། དངོས་གཞིའི་ལོ་རིམ་དང་པོ་གཉིས་ཀྱི་ཟླ་གསུམ་རྒྱུགས་གང་རུང་གཉིས་ལ་རྩ་འབོར་ནས་མ་འཕྲོད་ཚེ་འཛིན་གྲྭ་འོག་མར་འབབ་དགོས་ལ། ཟླ་མཐའི་སྐབས་བབས་རིགས་ནས་འབབ་ཡུལ་འཛིན་གྲྭ་དེའི་ལོ་འཁོར་རྒྱུགས་སྤྲོད་མིན་རང་དབང་ཡིན་ནའང་ཟླ་གསུམ་བར་པའི་སྐབས་ལྷུང་རིགས་ནས་ལྷུང་ཡུལ་འཛིན་གྲྭ་དེའི་ཟླ་གསུམ་མཐའ་མ་དང་ལོ་འཁོར་རྒྱུགས་ངེས་པར་སྤྲོད་དགོས།

༣༽ རིག་གནས་དངོས་གཞི་འཛིན་གྲྭ་ལོ་རིམ་གསུམ་པ་ཡན་ལོ་འཁོར་རྒྱུགས་སྤྲོད་སྐབས་རྒྱུགས་ཚད་དམའ་ཤོས་བརྒྱ་ཆ་ ༣༦ ལོངས་ཚེ་འཛིན་རིམ་འཕར་ཆོག་རྒྱུ། དངོས་གཞི་དང་པོ་གཉིས་ལ་ལོ་འཁོར་རྒྱུགས་སྤྲོད་སྐབས་སློབ་ཚན་རེ་རེ་ནས་རྒྱུགས་ཚད་དེ་ལོངས་ནའང༌། བརྒྱ་ཆའི་རྩ་འབོར་ནས་བརྒྱ་ཆ་ ༤༦ མ་ལོངས་ཚེ་འཛིན་རིམ་འཕར་མི་ཆོག་རྒྱུ། ལོ་འཁོར་རྒྱུགས་མ་འཕྲོད་པའི་གྲས་རྣམས་འཛིན་རིམ་སོ་སོའི་སར་རང་འཇགས་གནས་རྒྱུ།

༤༽ རིག་གནས་སྔོན་འགྲོའི་འཛིན་གྲྭ་ལས་དང་པོ་བའི་འཛིན་གྲྭ་གཉིས་སློབ་ཡུན་ཟླ་བ་གསུམ་རེ་ཡིན་པར་བརྟེན། ཟླ་གསུམ་རྒྱུགས་སོ་སོའི་སྐབས་འཕར་ཆག་ཡོད་པས། རྒྱུགས་ཚད་ཨང་དང་པོ་དང་གཉིས་པ་ཡན་ལོན་ཚེ་ལས་དང་པོ་ནས་སྔོན་འགྲོར་འཕར་རྒྱུ་དང༌། སྔོན་འགྲོ་ནས་དངོས་གཞི་དང་པོར་འཕར་རྒྱུ། དེ་བཞིན་ཨང་རིམ་གསུམ་པར་གནས་ཚེ་རང་འཇགས་བསྡད་རྒྱུ་དང༌། རྒྱུགས་མ་འཕྲོད་ཚེ་སྔོན་འགྲོ་རྣམས་ལས་དང་པོར་ཆག་རྒྱུ་བཅས་སོ།།

གཉིས་པ། བསྐྱར་རྒྱུགས་སྤྲོད་སྟངས། 

རིག་གནས་ཀྱི་ལོ་འཁོར་བསྐྱར་རྒྱུགས་ནི་སློབ་ཚན་གཞན་རྣམས་རྒྱུགས་ཚད་བརྒྱ་ཆ་ ༣༨ འོག་ཏུ་ལྷུང་མེད་པ་གང་ཞིག་ལ་སློབ་ཚན་གཅིག་རང་ནས་རྒྱུགས་མ་འཕྲོད་པ་དེའི་བརྒྱ་ཆ་ ༣༠ ལོན་ཚེ་བསྐྱར་རྒྱུགས་ལ་ཞུགས་ཆོག་ནའང༌། བསྐྱར་རྒྱུགས་འཕྲོད་པའི་རྒྱུགས་ཚད་དམའ་ཤོས་བརྒྱ་ཆ་ ༤༠ ངེས་པར་ལོན་དགོས་པ་ཡིན། ཟླ་གསུམ་བསྐྱར་རྒྱུགས་ལ་ཆ་རྐྱེན་གཅིག་གིས་ཆོག དེ་ནི་སློབ་ཚན་གང་ཡང་རུང་བ་གཅིག་གི་ཐོག་ནས་རྒྱུགས་མ་འཕྲོད་པ་དེ་ཙམ་ཁོ་ན་ཡིན། དེའང་རྗེས་སུ་བརྒྱ་ཆ་ ༣༦ ལོན་ཚེ་བསྐྱར་རྒྱུགས་འཕྲོད་པར་བརྩི་རྒྱུ། བསྐྱར་རྒྱུགས་འདི་དག་གང་ཡིན་ཡང་སྤྲོད་མིན་སློབ་གཉེར་པ་སོ་སོའི་རང་དབང་ཡིན་ལ། དེའང་དངོས་གཞིའི་འཛིན་གྲྭ་རྣམས་མ་གཏོགས་སྔོན་འགྲོ་དང་ལས་དང་པོ་བར་བསྐྱར་རྒྱུགས་གཏོང་རྒྱུ་མེད་ལ། འཚང་རྒྱུགས་ལའང་བསྐྱར་རྒྱུགས་གཏོང་རྒྱུ་མེད།

                རྒྱུགས་སྤྲོད་སོ་སོའི་སྐབས་བསྐྱར་རྒྱུགས་སྤྲོད་འོས་གང་ཡོད་ཀྱི་མིང་དང་འཛིན་གྲྭ། རྒྱུགས་མ་འཕྲོད་པའི་སློབ་ཚན་གང་ཡིན་དང་དེའི་ཐོབ་སྐར་བཅས་འཛིན་གྲྭ་སྤྱི་ཡོངས་ཀྱི་རྒྱུགས་འབྲས་དང་མཉམ་དུ་གསལ་བསྒྲགས་ཀྱིས་བསྐྱར་རྒྱུགས་སྤྲོད་འདོད་ཡོད་མཁན་ཚོས་ཉིན་ལྔའི་ནང་ཚན་རྒྱུགས་ཤོག་ཡིག་ཚང་དུ་ཐོ་འགོད་དགོས་རྒྱུ་དང༌། ཐོ་འགོད་སུ་བྱུང་རྣམས་ཀྱི་མིང་དང་འཛིན་གྲྭ། རྒྱུགས་གཞིའི་སློབ་ཚན་བཅས་དེ་མཚམས་གསལ་བསྒྲགས་ཀྱིས་ཟླ་གསུམ་རྒྱུགས་ཡིན་ན་རྒྱུགས་འབྲས་གསལ་བསྒྲགས་ཀྱི་དུས་ཚེས་ནས་བརྩིས་པའི་ཉིན་བཅོ་ལྔའི་མཚམས་དང༌། ལོ་འཁོར་རྒྱུགས་དང་མཐའ་མའི་རྒྱུགས་མཐའ་མའི་རྒྱུགས་ཀྱི་བསྐྱར་རྒྱུགས་གཏོང་ཚུལ་གཤམ་དུ་མཐའ་མའི་རྒྱུགས་སྤྲོད་སྐབས་སུ་གསལ་ལ།ལ་ཟླ་བ་གཅིག་གི་མཚམས་བསྐྱར་རྒྱུགས་ལེན་དགོས་པ་ཡིན། བསྐྱར་རྒྱུགས་སྤྲོད་མཁན་ཚོ་སློབ་ཐུན་དང་ཐབ་རེས་སོགས་ལ་སློབ་གཉེར་བ་སྤྱི་མཚུངས་བཞིན་ཕེབས་དགོས་པ་ལས་དམིགས་བསལ་མེད་ཀྱང་བསྐྱར་རྒྱུགས་སྤྲོད་ཉིན་དམིགས་བསལ་ཡོད།

གསུམ་པ། ཡིག་གཟུགས་དེབ་སྐར་དང་རྒྱུགས་སྐར་ཡོང་སྟངས།

༡༽ རྒྱུན་ལྡན་གྱི་ཡིག་གཟུགས་འབྲི་དེབ་ནང་ཉིན་རེ་བཞིན་ཟུར་གསལ་རེའུ་མིག་ལྟར་ཡིག་གཟུགས་ཆེ་ཆུང་ལ་དཔགས་པའི་མང་ཉུང་ཚད་ལོངས་པ་དང་མཛེས་ཆ་ཡོད་པ་རེ་ཆད་མེད་ངེས་པར་འབྲི་དགོས།

༢༽ དེ་ལ་ཡིག་གཟུགས་དགེ་རྒན་སོ་སོས་ཉིན་རེ་བཞིན་དུས་ཐོག་ཏུ་ལེགས་བཅོས་དང་འབྲེལ་མཚན་རྟགས་དང་ཟླ་ཚེས་འབྲི་དགོས།

༣༽ ཟླ་གསུམ་མཇུག་ཏུ་ཡིག་གཟུགས་འབྲི་དེབ་ཆ་ཚང་ཕྱོགས་བསྡུས་བྱས་ཏེ་ཡིག་གཟུགས་དགེ་རྒན་རྣམས་མཉམ་འཛོམས་ཀྱིས་དེ་ལ་བརྒྱ་ཆ་སྤྲོད་དགོས། དེར་བརྟེན་རྒྱུགས་སྤྲོད་སྐབས་ཡིག་གཟུགས་རྒྱུགས་ཀྱི་རྩ་བའི་བརྒྱ་ཆ་བརྒྱ་ལས་ ༥༠% རྒྱུན་ལྡན་གྱི་ཡིག་གཟུགས་དེའི་མང་ཉུང་དང་ཡག་ཉེས་ཐོག་ནས་ཡོང་དགོས་པས། རྒྱུན་ལྡན་གྱི་ཡིག་གཟུགས་དེ་ཡིག་གཟུགས་རྒྱུགས་ཀྱི་ཕྱེད་ཀར་བརྩི་རྒྱུ་དང༌། ལྷག་མའི་ ༥༠% ནི་རྒྱུགས་སྤྲོད་རང་གི་སྐབས་ནས་ཡོང་རྒྱུ། གལ་སྲིད་རྒྱུན་ལྡན་གྱི་ཡིག་གཟུགས་དེའི་ནང་རང་བྲིས་ཁོ་ན་མིན་པར་གཞན་ལ་འབྲིར་བཅུག་པའི་རིགས་ཐོན་ཚེ་དོ་བདག་རང་ཉིད་ཡིག་གཟུགས་རྒྱུགས་སྤྲོད་ལ་ཞུགས་མི་ཆོག

༤༽ ལོ་འཁོར་རྒྱུགས་སྤྲོད་སྐབས་ལའང་དེ་བཞིན་ཡིག་གཟུགས་རྒྱུགས་ཀྱི་བརྒྱ་ཆ་ཕྱེད་བགོས་བྱ་རྒྱུ་དང༌། འདིའི་དེབ་སྐར་ནི་སྔར་ཡོད་ཟླ་གསུམ་གསུམ་གའི་དེབ་སྐར་རྣམས་བསྡོམས་ནས་བརྒྱ་ཆ་ལྔ་བཅུ་བཟོ་རྒྱུ་ལས་དེབ་སྐར་གསར་པ་སྤྲོད་རྒྱུ་མེད།

༥༽ རྒྱུགས་སྤྲོད་གང་གི་སྐབས་ལའང་ཡིག་གཟུགས་མ་ཕྱི་བསྣམས་ཕེབས་མི་ཆོག

༦༽ ཟླ་གསུམ་རྒྱུགས་སྤྲོད་སྐབས་ཡིག་གཟུགས་དེབ་སྐར་དང་རྒྱུགས་སྐར་གང་རུང་ངམ་གཉིས་ཀ་ནས་མ་འཕྲོད་ཚེ་གཉིས་ཀར་བསྐྱར་རྒྱུགས་ཡོད་ཀྱང༌། ལོ་འཁོར་རྒྱུགས་སྤྲོད་སྐབས་རྒྱུགས་སྐར་ལས་དེབ་སྐར་ལ་བསྐྱར་རྒྱུགས་མེད།

བཞི་པ། བློ་འཛིན་རྒྱུགས་ལ་གསང་བའི་ལམ་ནས་བརྒྱ་ཆ་སྤྲོད་སྟངས་རེའུ་མིག

ལྔ་པ། ཀུན་སྤྱོད་བརྒྱ་ཆ་དང་འཕྲོད་བསྟེན་བརྒྱ་ཆ་སྤྲོད་སྟངས། 

            སྤྱིར་སློབ་མའི་ཤེས་ཚད་དང་སྦྲགས་ཀུན་སྤྱོད་དང་འཕྲོད་བསྟེན་ལའང་བརྒྱ་ཆ་སྤྲད་དེ་དེ་དག་ཡར་རྒྱས་འགྲོ་བའི་ཐབས་ཤེས་བྱེད་སྲོལ་ཡོད་པ་ལྟར། འདིར་ཡང་དེ་ལུགས་ཀྱི་འགྲོ་སྟངས་གཤམ་གསལ། ཀུན་སྤྱོད་དང་འཕྲོད་བསྟེན་གཉིས་ལ་སྤྱིར་བརྒྱ་ཆ་ ༢༥ རེ་ཡོད་པས་བསྡོམས་བརྒྱ་ཆ་ ༥༠ ཡོད་པ་དེའི་བརྒྱ་ཆ་ ཟླ་གསུམ་རྒྱུགས་ཀྱི་མཐའ་མའི་བརྒྱ་ཆའི་ཐོག་གཏང་རྒྱུ། གལ་སྲིད་དེ་གཉིས་ལ་བརྒྱ་ཆ་གཏན་མེད་རིགས་བྱུང་ཚེ་བརྒྱ་ཆ་ དེ་སྤྲོད་རྒྱུ་མེད། དེས་ན་ཟླ་གསུམ་རྒྱུགས་ཀྱི་རྩ་བའི་བརྒྱ་ཆ་ ༩༥ དང༌། ཀུན་སྤྱོད་དང་འཕྲོད་བསྟེན་གྱི་རྩ་བའི་བརྒྱ་ཆ་ དེ་སྤྲོད་རྒྱུ་མེད། དེས་ན་ཟླ་གསུམ་རྒྱུགས་ཀྱི་རྩ་བའི་བརྒྱ་ཆ་ ༩༥ དང༌། ཀུན་སྤྱོད་དང་འཕྲོད་བསྟེན་གྱི་རྩ་བའི་བརྒྱ་ཆ་ ཡིན་པ་བསྡོམས་པས་བརྒྱ་ཆ་ ༡༠༠ དེ་མཐའ་མའི་གྲུབ་འབྲས་ཀྱི་བརྒྱ་ཆ་ཡིན། ལོ་འཁོར་རྒྱུགས་སྤྲོད་སྐབས་ཟླ་གསུམ་རྒྱུགས་ལས་ཐོན་པའི་སྣོན་ཆས་འཐུས་པས་ཀུན་སྤྱོད་དང་འཕྲོད་བསྟེན་གྱི་བརྒྱ་ཆ་དམིགས་བསལ་མེད། དེ་གཉིས་ལ་བརྒྱ་ཆ་སྤྲོད་སྟངས་ནི།

                དང་པོ་ཀུན་སྤྱོད། རྩ་ཆད་ཡོད་མེད་དང་ནད་དགོངས་མིན་པའི་ལས་དོན་དགོངས་ཞུས་ཡོད་མེད་ཀྱིས་འདི་ལ་བརྒྱ་ཆ་སྤྲོད་རྒྱུ། གལ་ཏེ་དགོངས་པ་ཞུས་འཁྲོལ་མེད་པར་སློབ་ཐུན་གཅིག་ཆག་ན་རྩ་ཆད་གཅིག་དང༌། དེ་ལ་ཀུན་སྤྱོད་བརྒྱ་ཆ་ནས་ ༢་༥ སྐར་གྲངས་ ༠་༥༠ གཅོག་རྒྱུ། མགྲོན་སྐྱེལ་དང་ལས་དོན་དགོངས་ཞུས་ཟླ་གསུམ་གཅིག་རིང་ ༡༥ ལས་བརྒལ་ཚེ་དགོངས་ཞུས་གཅིག་ལ་ ༢་༥༠ ནས་་ལྟ་བུ་ནད་དགོངས་མིན་པའི་རིགས་ཟླ་བ་གཅིག་ནང་དགོངས་ཤོག ༡༥ ལས་བརྒལ་ཚེ་དགོངས་ཤོག་གཅིག་ལ་ལ་ཀུན་སྤྱོད་བརྒྱ་ཆ་ནས་སྐར་གྲངས་  ༠་༡ གཅོག་རྒྱུ།

                གཉིས་པ་འཕྲོད་བསྟེན། ནད་དགོངས་མང་ཉུང་གིས་བརྒྱ་ཆ་སྤྲོད་རྒྱུ། སྤྱིར་བཏང་གི་ནད་པའི་རིགས་ནས་ཟླ་བ་གཅིག་ནང་དགོངས་ཤོག ༡༥ ལས་བརྒལ་ཚེ་ཉིན་གཅིག་གི་དགོངས་ཤོག་གྲངས་ལ་འཕྲོད་བསྟེན་བརྒྱ་ཆ་ནས་སྐར་གྲངས་  ༠་༥ གཅོག་རྒྱུ། ནད་པ་ལྕི་བའི་རིགས་ནས་ཟླ་བ་གཅིག་ནང་ནད་དགོངས་ཆེ་བ་ཐེངས་གསུམ་ཐེངས་རེར་བདུན་ཕྲག་རེ།ལས་བརྒལ་ཚེ་ཐེངས་གཅིག་ལ་འཕྲོད་བསྟེན་བརྒྱ་ཆ་ནས་སྐར་གྲངས་  ༠་༣ གཅོག་རྒྱུ། ནད་པ་དེ་ལས་ཀྱང་ལྕི་བ་དཔེར་ན། སྨན་ཁང་ནས་ཐོན་མ་ཐག་པའི་ནད་པ་ཆེས་ལྕི་བའི་རིགས་ལྟ་བུ་ལ་སྐབས་དེར་བདུན་ཕྲག་གཅིག་རིང་ངལ་གསོ་བྱེད་ཆོག་པའི་དམིགས་བསལ་དགོངས་འཁྲོལ་ཡོད་པས། དེ་དགོངས་ཞུས་ཚད་བཀག་ནང་བརྩི་རྒྱུ་མིན། འོན་ཀྱང་དུས་ཡུན་དེ་རྫོགས་མཚམས་ནས་འགྲོ་སྟངས་གོང་བཞིན་བྱ་དགོས། སྤྱིར་དགོངས་ཤོག་བཏོག་པ་རྣམས་མ་ཟད་སྨན་ཁང་དུ་ཉལ་ཡོད་པའམ་དེ་ནས་ཐོན་མ་ཐག་པའི་ནད་པ་ལྕི་བའི་རིགས་རྣམས་ཀྱང་དགོངས་ཞུས་རང་ལ་བརྩི་རྒྱུ་ལས་སློབ་ཐུན་ལ་འབྱོར་བར་བརྩི་རྒྱུ་མེད། སློབ་ཐུན་མ་ཡིན་པའི་སྐབས་ཀྱི་དགོངས་ཞུས་རྣམས་དགོངས་ཞུས་གྲངས་ཀའི་ནང་མི་བརྩི་བ་ཡིན། དགོངས་ཞུས་བྱེད་ཆོག་པའི་གྲངས་ཚད་དེ་དག་ནི་ཟླ་བ་སོ་སོའི་རང་དུས་མ་གཏོགས་སྔ་ཕྱི་སྡེབ་གསོག་གིས་བརྩི་རྒྱུ་མེད་པ་དང༌། ལོ་གཅིག་རིང་གི་དགོངས་ཞུས་བསྡོམས་པས་སློབ་ཐུན་རྩ་གྲངས་ཀྱི་བརྒྱ་ཆ་ ༦༠ ཡན་བརྒལ་ཚེ་ལོ་འཁོར་རྒྱུགས་ལ་ཞུགས་མི་ཆོག་པ་བཅས།

དྲུག་པ། ལོ་འཁོར་རྒྱུགས་སྤྲོད་སྐབས་ཀྱི་སྣོན་ཆ་དང་གཅོག་ཆ་ཡོང་སྟངས།  

       དངོས་གཞིའི་འཛིན་གྲྭ་རྣམས་ལ་ཟླ་གསུམ་རྒྱུགས་སོ་སོའི་མཐའ་མའི་བརྒྱ་ཆ་ནས་བརྒྱ་ཆ་ལྔའི་ཐོབ་ཆ་རེ་ལོ་འཁོར་རྒྱུགས་ཀྱི་མཐའ་མའི་བརྒྱ་ཆའི་ཐོག་ཕན་སྣོན་བྱ་རྒྱུ། དེར་བརྟེན་ལོ་འཁོར་རྒྱུགས་རང་གི་རྩ་བའི་བརྒྱ་ཆ་ ༨༥ ཡིན་པའི་ཐོག་ཟླ་གསུམ་རྒྱུགས་སྤྲོད་གསུམ་གའི་སྣོན་ཆ་བསྡོམས་བརྒྱ་ཆ་ ༡༥ དེ་བསྣན་པས་ལོ་འཁོར་རྒྱུགས་ཀྱི་མཐའ་མའི་བརྒྱ་ཆ་ ༡༠༠ ཡིན། ཟླ་གསུམ་སོ་སོའི་སྐབས་སྔོན་འགྲོ་ནས་དངོས་གཞི་དང་པོར་འཕར་རིགས་རྣམས་ལ་སྔོན་འགྲོའི་སྐབས་ཀྱི་མཐའ་མའི་བརྒྱ་ཆ་ནས་བརྒྱ་ཆ་ལྔའི་ཐོབ་ཆ་ལོ་འཁོར་རྒྱུགས་འབྲས་ཐོག་གོང་བཞིན་ཕན་སྣོན་བྱ་རྒྱུ།

       ཟླ་གསུམ་རྒྱུགས་སྤྲོད་སྐབས་བརྒྱ་ཆའི་རྩ་འབོར་ནས་རྒྱུགས་འཕྲོད་ཀྱང་སློབ་ཚན་རེ་ཟུང་ནས་རྒྱུགས་མ་འཕྲོད་པའམ་ཡང་ན་བརྒྱ་ཆའི་རྩ་འབོར་ནས་རྒྱུགས་མ་འཕྲོད་པ་སོ་སོར་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཐའ་མའི་བརྒྱ་ཆ་ནས་གཅོག་ཆ་ཡོད་པ་འདི་ལྟར། དངོས་གཞིའི་ལོ་རིམ་གསུམ་པ་ཡན་སློབ་ཚན་རེ་ཟུང་ནས་ཟླ་གསུམ་རྒྱུགས་ཐེངས་གཅིག་མ་འཕྲོད་ཚེ་ལོ་འཁོར་རྒྱུགས་ཀྱི་མཐའ་མའི་བརྒྱ་ཆ་ནས་སྐར་གྲངས་ ༠་༥༠ གཅོག་རྒྱུ་དང༌། ཐེངས་གཉིས་ལ་མ་འཕྲོད་ཚེ་སྐར་གྲངས་ ༡་༠༠ གཅོག་རྒྱུ། ཐེངས་གསུམ་མ་འཕྲོད་ཚེ་སྐར་གྲངས་ ༡་༥༠ གཅོག་རྒྱུ། བརྒྱ་ཆའི་རྩ་འབོར་ནས་ཟླ་གསུམ་རྒྱུགས་ཐེངས་གཅིག་མ་འཕྲོད་ཚེ་སྐར་གྲངས་ ༡་༠༠ གཅོག་རྒྱུ་དང་ཐེངས་གཉིས་མ་འཕྲོད་ཚེ་ལོ་འཁོར་རྒྱུགས་ལ་ཞུགས་མི་ཆོག་པ་དང་ཐེངས་གསུམ་མ་འཕྲོད་ཚེ་འཛིན་གྲྭ་འོག་མའི་ནང་འབབ་དགོས་ཚུལ་གོང་དུ་འཛིན་གྲྭ་འཕར་ཆག་སྐབས་གསལ་བ་ལྟར་ཡིན། དངོས་གཞིའི་ལོ་རིམ་དང་པོ་དང་གཉིས་པ་གཉིས་སློབ་ཚན་རེ་ཟུང་ནས་ཟླ་གསུམ་རྒྱུགས་ཐེགས་གཅིག་མ་འཕྲོད་ཚེ་ལོ་འཁོར་རྒྱུགས་ཀྱི་མཐའ་མའི་བརྒྱ་ཆ་ནས་སྐར་གྲངས་ ༠་༦༠ གཅོག་རྒྱུ། ཐེངས་གཉིས་མ་འཕྲོད་ཚེ་སྐར་གྲངས་ ༡་༢༠ གཅོག་རྒྱུ། ཐེངས་གསུམ་མ་འཕྲོད་ཚེ་སྐར་གྲངས་ ༡་༨༠ གཅོག་རྒྱུ། བརྒྱ་ཆའི་རྩ་འབོར་ནས་ཟླ་གསུམ་རྒྱུགས་ཐེངས་གཅིག་མ་འཕྲོད་ཚེ་སྐར་གྲངས་ ༡་༢༠ གཅོག་རྒྱུ་དང༌། ཐེངས་གཉིས་མ་འཕྲོད་ཚེ་ལོ་འཁོར་རྒྱུགས་ལ་ཞུགས་མི་ཆོག་པར་འཛིན་གྲྭ་འོག་མའི་ནང་འབབ་དགོས་སྐོར་གོང་དུ་འཛིན་གྲྭ་འཕར་ཆག་སྐབས་གསལ་བ་ལྟར་ཡིན།

བདུན་པ།

བརྒྱད་པ། མཐོ་རིམ་རིག་གནས་རབ་འབྱམས་པའི་རྒྱུགས་སྤྲོད་བྱེད་སྟངས།

ཀ༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་མཐོ་རིམ་རིག་གནས་རབ་འབྱམས་པའི་རྒྱུགས་སྤྲོད་ཀྱི་རྒྱུགས་གཞི་དང་བརྒྱ་ཆའི་རིམ་པ།

སུམ་ཅུ་པ། རྟགས་འཇུག སྙན་ངག རྒྱལ་རབས། ནང་དོན་རིག་པ། ངག་རྒྱུགས། རྩོམ་རྒྱུགས། ཞར་བྱུང་སློབ་ཚན། ལོ་འཁོར་ལྔ་ཀ་བཅས་མཐའ་མའི་རྒྱུགས་སྤྲོད་ཁག་དགུ་བསྡོམས་པས་བརྒྱ་ཆ་བརྒྱ་ཐམ་པ།

སུམ་ཅུ་པ། རྟགས་འཇུག སྙན་ངག རྒྱལ་རབས་ཏེ་སློབ་ཚན་གཙོ་བོ་བཞི་ལ་རྒྱུགས་ཕྱི་ནང་གཉིས་རེ་ཡོད་པའི་ཕྱི་ནང་གཉིས་ཀ་བསྡོམས་པ་བརྒྱ་ཆ་བརྒྱ་རེ་དང༌། དེ་དག་ལ་བརྒྱ་ཆའི་རྩ་འབོར་ནས་བརྒྱ་ཆ་ ༡༥ རེ་ཐོབ་རྒྱུ། ནང་དོན་རིག་པའི་སྐོར་ལ་བརྒྱ་ཆ་ལྔ་བཅུ་ཡིན་པར་རྩ་འབོར་ནས་བརྒྱ་ཆ་ ༡༠ ཐོབ་རྒྱུ།

ངག་རྒྱུགས་དང་རྩོམ་རྒྱུགས་གཉིས་ལ་བརྒྱ་ཆ་ལྔ་བཅུ་རེ་ཡིན་པར་རྩ་འབོར་ནས་ངག་རྒྱུགས་འཆད་རྩོད་གཉིས་ཀར་བསྡོམས་བརྒྱ་ཆ་ དང་རྩོམ་རྒྱུགས་སུམ་རྟགས་སོགས་གསུམ་ཀར་བསྡོམས་བརྒྱ་ཆ་ ཐོབ་རྒྱུ།

ཞར་བྱུང་སློབ་ཚན་ལ་བརྒྱ་ཆའི་རྩ་འབོར་ནས་བརྒྱ་ཆ་ ༡༠ ཐོབ་པས། ཞར་བྱུང་སློབ་ཚན་ཁག་བཅུ་གཉིས་ཀྱི་དེ་སྔོན་གྱི་ལོ་འཁོར་རྒྱུགས་འབྲས་རྙིང་པ་རྣམས་བསྡོམས་པས་བརྒྱ་ཆ་བརྒྱར་བྱས་ཏེ་དེའི་བརྒྱ་ཆ་བཅུའི་ཐོབ་ཆས་མཐའ་མའི་རྒྱུགས་འབྲས་ཀྱི་ཐོག་ཕན་པར་བྱེད་རྒྱུ།

ལོ་འཁོར་ལྔ་ཀའི་རྒྱུགས་འབྲས་ལ་བརྒྱ་ཆའི་རྩ་འབོར་ནས་བརྒྱ་ཆ་ ༡༠ ཐོབ་པས། ལོ་འཁོར་ལྔ་ཀའི་རྒྱུགས་འབྲས་རྙིང་པ་ཀུན་བསྡོམས་པས་བརྒྱ་ཆ་བརྒྱ་ཐམ་པའི་བརྒྱ་ཆ་བཅུའི་ཐོབ་ཆས་མཐའ་མའི་རྒྱུགས་འབྲས་ཀྱི་ཐོག་ཕན་པར་བྱེད་རྒྱུ།

སུམ་ཅུ་པ། རྟགས་འཇུག སྙན་ངག རྒྱལ་རབས་ཏེ་སློབ་ཚན་གཙོ་བོ་བཞི་གང་རུང་ནས་རྒྱུགས་ཚད་དམའ་ཤོས་ ༤༦ མ་ལོན་ཚེ་རྒྱུགས་མ་འཕྲོད་པར་ངོས་འཛིན་བྱེད།

རྒྱུགས་སྤྲོད་དགུ་པོ་བསྡོམས་རྒྱུགས་ཚད་དམའ་ཤོས་ཞེ་དྲུག་མ་ལོན་ཚེ་རྒྱུགས་མ་འཕྲོད་པར་ངོས་འཛིན་བྱེད།

རྒྱུགས་འབྲས་བརྒྱ་ཆ་ཞེ་དྲུག་ནས་ལྔ་བཅུ་ང་དྲུག་མ་ཟིན་བར་ཨང་རིམ་གསུམ་པ།

རྒྱུགས་འབྲས་བརྒྱ་ཆ་ང་དྲུག་ནས་རེ་དྲུག་མ་ཟིན་བར་ཨང་རིམ་གཉིས་པ།

༡༠ རྒྱུགས་འབྲས་བརྒྱ་ཆའི་ཐོབ་ཆ་རེ་དྲུག་ནས་དོན་དྲུག་ཡན་ཨང་རིམ་དང་པོའི་སྡེ་ཚན།

༡༡ རྒྱུགས་འབྲས་བརྒྱ་ཆའི་ཐོབ་ཆ་དོན་དྲུག་ཡན་ནས་ཨང་སྡེ་རྩེ་ཕུད་ཀྱི་གྲས།

༡༢ སློབ་ཚན་གཙོ་བོ་བཞི་ལས་གང་རུང་གཅིག་གིས་རྒྱུགས་མ་འཕྲོད་ཚེ་དེའི་བརྒྱ་ཆ་མཐོ་དམན་དང་སློབ་ཚན་ལྷག་མ་གསུམ་གྱི་བརྒྱ་ཆ་མཐོ་དམན་ལ་མ་ལྟོས་པར་བསྐྱར་རྒྱུགས་སྤྲད་ཆོག་ལ། བསྐྱར་རྒྱུགས་ཀྱི་རྒྱུགས་ཚད་དམའ་ཤོས་ཀྱང་ ༤༦ ཡིན།

དགུ་པ། རིགས་ལམ་འཛིན་གྲྭའི་རྒྱུགས་སྤྲོད་བྱེད་སྟངས།

ཀ༽ རིགས་ལམ་འཛིན་གྲྭའི་འཆར་ཆན་གྱི་བྱེད་སྒོ།

                ཉིན་རེའི་དཔེ་ཁྲིད་དང་ཆོས་རྭ་སོགས་ཆག་མེད་ཐོག དུས་ཚོད་ཀྱི་བར་གསེང་རྣམས་སུ་དཔེ་ཀློག་དང༌། བློ་འཛིན་སྐྱོར་སྦྱང་རྡོ་རུས་ཐུག་པ་བྱས་ཏེ་གོ་རིགས་གཉིས་ལྡན་དང༌། གཞུང་ཆེ་ཆུང་ཁག་གི་ངེས་ཆ་ཡོད་པ། རྩོད་པ་དང་ལན་འདེབས་གང་ཡང་ཁྲལ་ཆོས་སླ་ཆོས་སུ་མ་སོང་བའི་ལུང་དང་རིགས་པའི་བགྲོ་གླེང་བསྟན་པའི་དམིགས་རྒྱན་དུ་འགྲོ་བའི་ཐོས་བསམ་རྣལ་མ་ལ་རྒྱུན་དུ་འགྲུས་པ་གནང་དགོས།

༡༽ ཉིན་རེར་ཉིན་གུང་ཆོས་རྭ་དང་དགོང་མོའི་ཆོས་རྭ་གཉིས་རེ་ཡོད་ཅིང༌། ཉིན་ཆོས་ལ་ཆོས་རྭའི་སྐུ་རིམ་དང་རྩོད་པ། གཟའ་སྤེན་པར་འཛིན་གྲྭའི་དམ་བཅའ། དགོང་ཆོས་ལ་ཆོས་རྭའི་སྐུ་རིམ་དང་རྩོད་པ། གཟའ་ལྷག་པར་འཛིན་གྲྭ་གོང་འོག་གཏུགས་འདུག་དམ་བཅའ། ཟླ་རེའི་མཇུག་མཚན་འཕུལ་དམ་བཅའ་ལ་གྲྭ་ཚང་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དཔེ་ཁྲིད་དང་རིག་གནས་ཀྱི་དགེ་རྒན་རྣམས་དང༌། སློབ་ཐོན་པ། དངོས་གཞི་བཞི་ལྔ་བཅས་མཉམ་འཛོམས་གནང་རྒྱུ། ཚད་མའི་དགུན་ཆོས་སྐབས་གཟའ་པ་སངས་ནམ་ཡིན་ལ་དམ་བཅའ་དང་དེར་དཔེ་ཁྲིད་དགེ་རྒན་གཅིག་དབུ་བཞུགས་སུ་ཕེབས་རྒྱུ།

༢༽ ཟླ་གསུམ་རེའི་མཚམས་རྩོད་རྒྱུགས་དང་བྲིས་རྒྱུགས། འདོན་རྒྱུགས་བཅས་རེ་རེ་དང༌། ལོ་མཇུག་ཏུ་ལོ་འཁོར་མོའི་སློབ་ཚན་ཐོག་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས། དགུན་ཆོས་མཇུག་ཏུ་རྣམ་འགྲེལ་བྲིས་རྒྱུགས་དང་རྩོད་རྒྱུགས་གཉིས་བཅས་སྤྲོད་ལེན་བྱ་རྒྱུ།

༣༽ ཟླ་གསུམ་སོ་སོའི་རྒྱུགས་དུས་རན་པའི་བདུན་གཅིག་རིང་དགོང་མོའི་ཆོས་རྭའི་དུས་ཡུན་ཆུ་ཚོད་གཅིག་རིང་འཛིན་གྲྭ་སོ་སོ་ལྷན་ཚོགས་སམ་རང་ཐད་ནས་བློ་རྒྱུགས་གང་ཡོད་སྐྱོར་སྦྱང་བྱ་རྒྱུ།

༤༽ རིགས་ལམ་སློབ་གཉེར་པ་རྣམས་རིག་གནས་རྒྱུགས་སྤྲོད་ལ་དང་བླངས་ཟུར་ཞུགས་བྱེད་སྐབས། རིག་གནས་ཀྱི་ཟླ་གསུམ་རྒྱུགས་སྤྲོད་གསུམ་གར་མ་ཞུགས་ཀྱང་རིག་གནས་འཛིན་གྲྭའི་ལོ་འཁོར་རྒྱུགས་ལ་ཞུགས་ཆོག་ཅིང༌། ཟླ་གསུམ་རྒྱུགས་ནས་ཡོང་བའི་སྣོན་ཆ་དང་ཡིག་གཟུགས་དེབ་སྐར་རྣམས་མི་དགོས་པར་ལོ་འཁོར་རྒྱུགས་རང་གི་རྒྱུགས་འབྲས་ཀྱིས་རྒྱུ་དང༌། དེའི་རྒྱུགས་ཚད་ལོངས་མིན་སོགས་ནི་སྤྱི་མཚུངས་ལྟར་ལས་དམིགས་བསལ་མེད། དངོས་གཞི་བཞི་པ་ཡན་གྱི་རིག་གནས་ཀྱི་ལོ་འཁོར་རྒྱུགས་ལ་ཟུར་ཞུགས་བྱེད་མཁན་རྣམས་ལ་ཉིན་རེའི་དཔེ་ཁྲིད་ཐུན་གཅིག་དང་ཉིན་གུང་ཆོས་རྭ་བཅས་ལ་རིག་གནས་ཟུར་སྦྱོང་བྱེད་པའི་དུས་ཚོད་དམིགས་བསལ་སྤྲོད་རྒྱུ། དངོས་གཞི་བཞི་པའམ་ལྔ་པ་ལྟ་བུའི་ལོ་འཁོར་རྒྱུགས་ལ་ཟུར་ཞུགས་དེ་ལྟར་ཐུབ་མིན་བྱུང་ཚེ་ཕར་ཕྱིན་རབ་འབྱམས་ཐོན་རྗེས་རིག་གནས་རྒྱུགས་སྤྲོད་ཀྱི་མཚམས་གང་ཡིན་དེ་ནས་འགྲོ་ཆོག་རྒྱུ། དེ་མིན་སྐབས་བབ་རིགས་ལམ་འཛིན་གྲྭའི་སློབ་མཚམས་འཇོག་མི་ཆོག ཕར་ཕྱིན་རབ་འབྱམས་ཐོན་ནས་རིག་གནས་གསར་སློབ་གནང་འདོད་ཡོད་མཁན་རྣམས་དངོས་གཞི་དང་པོ་ནས་འགྲོ་ཆོག་རྒྱུ་དང༌། དེ་བཞིན་རིག་གནས་རབ་འབྱམས་ཐོན་ནས་རིགས་ལམ་གསར་སློབ་གནང་འདོད་ཡོད་མཁན་རྣམས་ཀྱང་རིགས་ལམ་འཛིན་གྲྭར་ཞུགས་ཆོག་རྒྱུ་བཅས།

ཁ༽ རིགས་ལམ་འཛིན་གྲྭའི་ཟླ་གསུམ་དང་ལོ་འཁོར་རྒྱུགས་ཀྱི་གྲུབ་འབྲས་ཡོང་སྟངས།

༡༽ ཟླ་གསུམ་རྒྱུགས་སྤྲོད་ཀྱི་རྩོད་རྒྱུགས་ལ་བརྒྱ་ཆ་ ༥༠ བྲིས་རྒྱུགས་ལ་བརྒྱ་ཆ་ ༣༠ བློ་འཛིན་རྒྱུགས་ལ་བརྒྱ་ཆ་ ༢༠ བཅས་བསྡོམས་བརྒྱ་ཆ་ ༡༠༠ དེའི་བརྒྱ་ཆ་ ༩༥ ཐོག་ཀུན་སྤྱོད་དང་འཕྲོད་བསྟེན་གྱི་བརྒྱ་ཆ་ བསྣན་པས་བསྡོམས་མཐའ་མའི་བརྒྱ་ཆ་ ༡༠༠ ཡིན།

༢༽ ལོ་འཁོར་རྒྱུགས་སྤྲོད་ཀྱི་རྩོད་རྒྱུགས་ལ་བརྒྱ་ཆ་ ༥༠ བྲིས་རྒྱུགས་ལ་བརྒྱ་ཆ་ ༥༠ བཅས་བསྡོམས་བརྒྱ་ཆ་ ༡༠༠ དེའི་བརྒྱ་ཆ་ ༨༥ ཐོག་ཟླ་གསུམ་རྒྱུགས་སྤྲོད་གསུམ་གྱི་མཐའ་མའི་བརྒྱ་ཆ་ནས་བརྒྱ་ཆ་ལྔ་རེའི་ཐོབ་ཆ་བསྡོམས་བརྒྱ་ ༡༥ བསྣན་པས་མཐའ་མའི་བརྒྱ་ཆ་ ༡༠༠ ཡིན།

ཅ༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་ཕར་ཕྱིན་རབ་འབྱམས་རྒྱུགས་སྤྲོད་ཀྱི་རྒྱུགས་གཞི་དང་བརྒྱ་ཆའི་རིམ་པ།

༡༽ ༡ཕར་ཕྱིན་སྤྱི་དོན་སྐབས་བརྒྱད་ཀ་དང༌། ༢བློ་རྟགས་བསྡུས་གསུམ་བཅས་ཀྱི་རྩོད་རྒྱུགས་དང་བྲིས་རྒྱུགས། དེ་དག་གང་རུང་གི་༣ངག་རྒྱུགས། དེ་སྔ་ལོ་དྲུག་རིང་གི་༤ཟླ་གསུམ་དང་དགུན་ཆོས། ༥བློ་འཛིན་རྒྱུགས་བཅས་རྒྱུགས་སྤྲོད་ཁག་ལྔ་བསྡོམས་རྩ་འབོར་གྱི་བརྒྱ་ཆ་བརྒྱ་ཐམ་པ་ཡིན།

༢༽ ཕར་ཕྱིན་སྤྱི་དོན་༡སྐབས་དང་པོ། ༢སྐབས་གཉིས་པ་དང་གསུམ་པ། ༣སྐབས་བཞི་པ། ༤སྐབས་ལྔ་པ་དང༌། དྲུག་པ། བདུན་པ། བརྒྱད་པ།སྐབས་བརྒྱད་ཀྱི་རྒྱུགས་ཚན་བཞི་ལ་བྲིས་རྒྱུགས་དང་རྩོད་རྒྱུགས་གཉིས་རེ་ཡོད་པའི་རྒྱུགས་ཚན་རེ་རེའི་བྲིས་རྩོད་ཀྱི་རྒྱུགས་གཉིས་བསྡོམས་བརྒྱ་ཆ་བརྒྱ་རེ་དང༌། རེ་རེ་ལ་རྩ་འབོར་གྱི་བརྒྱ་ཆ་ ༡༧ རེ་ཐོབ་རྒྱུ།

༣༽ བློ་རྟགས་བསྡུས་གསུམ་གྱི་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་བསྡོམས་བརྒྱ་ཆ་བརྒྱ་དང༌། རྩ་འབོར་གྱི་བརྒྱ་ཆ་ ༡༠ ཐོབ་རྒྱུ།

༤༽ ངག་རྒྱུགས་ལ་བརྒྱ་ཆ་ལྔ་བཅུ་དང་རྩ་འབོར་གྱི་བརྒྱ་ཆ་ ཐོབ་རྒྱུ།

༥༽ དེ་སྔའི་ལོ་དྲུག་རིང་གི་ཟླ་གསུམ་དང་དགུན་ཆོས་ཀྱི་རྒྱུགས་འབྲས་ལ་བརྒྱ་ཆ་བརྒྱ་དང༌། རྩ་འབོར་གྱི་བརྒྱ་ཆ་ ༡༥ བཅོ་ལྔས་མཐའ་མའི་རྒྱུགས་འབྲས་ཐོག་ཕན་པར་བྱེད་རྒྱུ།

༦༽ དེ་སྔའི་ལོ་དྲུག་རིང་གི་ཟླ་གསུམ་སོ་སོའི་བློ་འཛིན་རྒྱུགས་རྙིང་བ་ཀུན་བསྡོམས་བརྒྱ་ཆ་བརྒྱ་དང༌། རྩ་འབོར་གྱི་བརྒྱ་ཆ་ ལྔ་ཡིས་མཐའ་མའི་རྒྱུགས་འབྲས་ཐོག་ཕན་པར་བྱེད་རྒྱུ།

༧༽ ཕར་ཕྱིན་སྐབས་བརྒྱད་ཀྱི་རྒྱུགས་ཚན་གང་རུང་གི་རྒྱུགས་ཚད་དམའ་ཤོས་ ༤༦ མ་ལོན་ཚེ་རྒྱུགས་མ་འཕྲོད་པར་ངོས་འཛིན་བྱེད།

༨༽ རྒྱུགས་སྤྲོད་ཁག་བསྡོམས་རྒྱུགས་ཚད་དམའ་ཤོས་བརྒྱ་ཆའི་རྩ་འབོར་ནས་ ༤༦ མ་ལོན་ཚེ་རྒྱུགས་མ་འཕྲོད་པར་བརྩི།

༩༽ བརྒྱ་ཆའི་རྩ་འབོར་ནས་རྒྱུགས་ཚད་ལོངས་པ་གང་ཞིག་ལ་ཕར་ཕྱིན་སྐབས་བརྒྱད་ཀྱི་རྒྱུགས་ཚན་གཅིག་གིས་མ་འཕྲོད་ཚེ་དེའི་བརྒྱ་ཆའི་མཐོ་དམན་དང་སློབ་ཚན་ལྷག་མ་ཁག་གི་བརྒྱ་ཆའི་མཐོ་དམན་ལ་མ་ལྟོས་པར་བསྐྱར་རྒྱུགས་སྤྲོད་ཆོག་ལ། བསྐྱར་རྒྱུགས་ཀྱི་རྒྱུགས་ཚད་དམའ་ཤོས་ཀྱང་ ༤༦ ལོན་དགོས།

ཆ༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་དབུ་མ་རབ་འབྱམས་རྒྱུགས་སྤྲོད་ཀྱི་རྒྱུགས་གཞི་དང་བརྒྱ་ཆའི་རིམ་པ།

༡༽ དབུ་མའི་སྤྱི་མཐའ་གཉིས་ཀྱི་༡རྩོད་རྒྱུགས་དང་བྲིས་རྒྱུགས། ༢ངག་རྒྱུགས། དེ་སྔའི་ལོ་གསུམ་རིང་གི་ཟླ་གསུམ་སོ་སོའི་སྐབས་ཀྱི་༣བློ་འཛིན། ༤ཟླ་གསུམ་དང་ཚད་མའི་དགུན་ཆོས་ཀྱི་རྒྱུགས་བཅས་རྒྱུགས་སྤྲོད་ཁག་བཞི་བསྡོམས་རྩ་འབོར་གྱི་བརྒྱ་ཆ་བརྒྱ་ཐམ་པ་ཡིན།

༢༽ དབུ་མའི་སྤྱི་མཐའ་གཉིས་ཀྱི་༡དབུ་ནས་བདེན་གཉིས་ཡན་དང༌། ༢བདེན་གཉིས་ནས་མཇུག་བར་རྒྱུགས་ཚན་གཉིས་ལ་བྲིས་རྒྱུགས་དང་རྩོད་རྒྱུགས་གཉིས་རེ་ཡོད་པའི་རྒྱུགས་ཚན་རེ་རེའི་བྲིས་རྩོད་ཀྱི་རྒྱུགས་གཉིས་བསྡོམས་བརྒྱ་ཆ་ ༢༠༠ རེ་དང༌། རེ་རེ་ལ་རྩ་འབོར་གྱི་བརྒྱ་ཆ་ ༤༠ རེ་ཐོབ་རྒྱུ།

༣༽ ངག་རྒྱུགས་ལ་བརྒྱ་ཆ་ ༥༠ དང་རྩ་འབོར་གྱི་བརྒྱ་ཆ་ ཐོབ་རྒྱུ།

༤༽ དེ་སྔའི་ལོ་གསུམ་རིང་གི་ཟླ་གསུམ་དང་ཚད་མའི་དགུན་ཆོས་ཀྱི་རྒྱུགས་འབྲས་རྙིང་པ་ཀུན་བསྡོམས་པར་བརྒྱ་ཆ་ ༡༠༠ དང༌། རྩ་འབོར་གྱི་བརྒྱ་ཆ་ ༡༥ ཐོབ་རྒྱུ།

༥༽ དེ་སྔའི་ལོ་གསུམ་རིང་གི་བློ་རྒྱུགས་ཀུན་བསྡོམས་པར་བརྒྱ་ཆ་ ༡༠༠ དང༌། རྩ་འབོར་གྱི་བརྒྱ་ཆ་ ཐོབ་རྒྱུ།

༦༽ དབུ་མའི་སྤྱི་མཐའ་གཉིས་ཀྱི་རྒྱུགས་ཚན་གང་རུང་ནས་རྒྱུགས་ཚད་དམའ་ཤོས་ ༤༦ མ་ལོན་ཚེ་རྒྱུགས་མ་འཕྲོད་པར་བརྩི།

༧༽ རྒྱུགས་སྤྲོད་བཞི་པོ་བསྡོམས་རྒྱུགས་ཚད་དམའ་ཤོས་བརྒྱ་ཆའི་རྩ་འབོར་ནས་ ༤༦ མ་ལོན་ཚེ་རྒྱུགས་མ་འཕྲོད་པར་ངོས་འཛིན་བྱེད།

༨༽ བརྒྱ་ཆའི་རྩ་འབོར་ནས་རྒྱུགས་ཚད་ལོངས་པ་གང་ཞིག་ལ་དབུ་མའི་རྒྱུགས་ཚན་གཉིས་གང་རུང་གཅིག་གིས་རྒྱུགས་མ་འཕྲོད་ཚེ་དེའི་བརྒྱ་ཆའི་མཐོ་དམན་དང་སློབ་ཚན་ལྷག་མའི་བརྒྱ་ཆའི་མཐོ་དམན་ལ་མ་ལྟོས་པར་བསྐྱར་རྒྱུགས་སྤྲོད་ཆོག་ལ། བསྐྱར་རྒྱུགས་ཀྱི་རྒྱུགས་ཚད་དམའ་ཤོས་ཀྱང་ ༤༦ ལོན་དགོས།

ཇ༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་མཛོད་རབ་འབྱམས་པའི་རྒྱུགས་སྤྲོད་དང་བརྒྱ་ཆའི་རིམ་པ།

༡༽ མཛོད་རབ་འབྱམས་པའི་ཕྱག་འཁྱེར་བཞེས་པར་དམིགས་བསལ་གྱིས་རྒྱུགས་སྤྲོད་ལེན་བྱེད་ཀྱི་མེད་ནའང༌། མཛོད་གཞུང་ལུགས་ཁག་ལ་སློབ་སྦྱོང་གི་དུས་ཡུན་ལོ་གསུམ་ཡིན་པ་དེའི་རིང་ལོ་རེའི་ནང་གི་རྒྱུགས་འབྲས་ཁག་བསྡོམས་ནས་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཐའ་མའི་བརྒྱ་ཆའི་ཐོག་སྣོན་ཆ་འཐོབ་རྒྱུ།

༢༽ ལོ་གསུམ་རིང་ལོ་འཁོར་རྒྱུགས་འབྲས་ཁག་བསྡོམས་པར་བརྒྱ་ཆ་ ༨༥

༣༽ ལོ་གསུམ་རིང་གི་བློ་རྒྱུགས་གང་ཡོད་ཀྱི་རྒྱུགས་འབྲས་རྣམས་བསྡོམས་པར་བརྒྱ་ཆ་ ༡༥ བཅས་མཛོད་རབ་འབྱམས་པའི་མཐའ་མའི་རྒྱུགས་འབྲས་བརྒྱ་ཆ་ ༡༠༠ ཡིན།

༤༽ མཛོད་རབ་འབྱམས་པའི་ཕྱག་འཁྱེར་བཞེས་པར་མཐའ་མའི་རྒྱུགས་འབྲས་གོང་གསལ་རྣམས་བསྡོམས་ནས་བརྒྱ་ཆ་ ༤༦ ལོན་དགོས།

༥༽ མཛོད་རབ་འབྱམས་པའི་ཕྱག་འཁྱེར་བཞེས་པར་བསྐྱར་རྒྱུགས་ཀྱི་ལམ་སྲོལ་མེད་ནའང་བསྐྱར་དུ་ལོ་གསུམ་རིང་སློབ་སྦྱོང་གནང་བར་དགག་བྱ་མེད།

ཉ༽ བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་འདུལ་བ་རབ་འབྱམས་པའི་རྒྱུགས་སྤྲོད་དང་བརྒྱ་ཆའི་རིམ་པ།

༡༽ འདུལ་བ་རབ་འབྱམས་པའི་ཕྱག་འཁྱེར་བཞེས་པར་དམིགས་བསལ་གྱིས་རྒྱུགས་སྤྲོད་ལེན་བྱེད་ཀྱི་མེད་ནའང༌། འདུལ་བའི་གཞུང་ལུགས་ཁག་ལ་སློབ་སྦྱོང་གི་དུས་ཡུན་ལོ་གསུམ་ཡིན་པ་དེའི་རིང་ལོ་རེའི་ནང་གི་རྒྱུགས་འབྲས་ཁག་བསྡོམས་ནས་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཐའ་མའི་བརྒྱ་ཆའི་ཐོག་སྣོན་ཆ་འཐོབ་རྒྱུ།

༢༽ ལོ་གསུམ་རིང་ལོ་འཁོར་རྒྱུགས་འབྲས་ཁག་བསྡོམས་པར་བརྒྱ་ཆ་ ༨༥

༣༽ ལོ་གསུམ་རིང་གི་བློ་རྒྱུགས་གང་ཡོད་ཀྱི་རྒྱུགས་འབྲས་རྣམས་བསྡོམས་པར་བརྒྱ་ཆ་ ༡༥ བཅས་འདུལ་བ་རབ་འབྱམས་པའི་མཐའ་མའི་རྒྱུགས་འབྲས་བརྒྱ་ཆ་ ༡༠༠ ཡིན།

༤༽ འདུལ་བ་རབ་འབྱམས་པའི་ཕྱག་འཁྱེར་བཞེས་པར་མཐའ་མའི་རྒྱུགས་འབྲས་གོང་གསལ་རྣམས་བསྡོམས་ནས་བརྒྱ་ཆ་ ༤༦ ལོན་དགོས།

༥༽ འདུལ་བ་རབ་འབྱམས་པའི་ཕྱག་འཁྱེར་བཞེས་པར་བསྐྱར་རྒྱུགས་ཀྱི་ལམ་སྲོལ་མེད་ནའང་བསྐྱར་དུ་ལོ་གསུམ་རིང་སློབ་སྦྱོང་གནང་བར་དགག་བྱ་མེད།

བཅུ་གཅིག་པ། བྲིས་རྒྱུགས་ལ་ཞིབ་འཇུག་བྱེད་སྟངས།

                སློབ་གཉེར་པ་རེ་རེའི་རྒྱུགས་ཀྱི་འབྲི་དེབ་ཐོག་གི་རྐུབ་སྟེགས་ཨང་གྲངས་གཏུབས་ཏེ་གསང་བའི་ཨང་གྲངས་གསར་དུ་བཀོད། དེ་ནས་ཟུར་འཛར་ཤོག་ལྷེ་དམར་སེར་གཉིས་ལས་དང་པོར་སེར་པོའི་ཐོག་འབྲི་དེབ་སྟེང་གི་གསང་ཨང་དང་རྒྱུགས་ཚན། འཛིན་གྲྭ། དྲི་བ་རེ་རེའི་རྩ་བའི་བརྒྱ་ཆ། རྒྱུགས་ལེན་ཉིན་གྱི་ཟླ་ཚེས་བཅས་བཀོད་དེ་འབྲི་དེབ་སོ་སོར་ཟུར་འཛར་དུ་སྦྱར་ནས་རྒྱུགས་ཚན་དེའི་དྲི་ཤོག་དང་བཅས་རྒྱུགས་ཞིབ་པ་མི་གཉིས་ཐུན་མོང་ལ་ཞིབ་འཇུག་ཐེངས་དང་པོ་བྱ་རྒྱུརའབུལ། རྒྱུགས་ཞིབ་པ་གཉིས་ཀྱིས་དྲི་བའི་ཡོང་ཁུངས་སློབ་དེབ་དང་གཞུང་ནང་ནས་དྲི་བ་སོ་སོའི་ལན་ཟུར་འདོན་བྱས་རྗེས་སློབ་མའི་དྲིས་ལན་ཁག་ལ་ཞིབ་གཟིགས་ཀྱིས་ཟུར་འཛར་ཤོག་ལྷེ་དེའི་སྟེང་དྲི་བ་སོ་སོའི་ཐད་དུ་སྐར་གྲངས་ཅི་ཐོབ་རེ་རེ་བཞིན་བརྒྱབས་ཏེ་བསྡོམས་ཐོབ་དང་མཚན་རྟགས་བཅས་འགོད་དགོས། རྒྱུགས་ཞིབ་པས་སློབ་མའི་རྒྱུགས་ཀྱི་འབྲི་དེབ་དེའི་ནང་ནོར་བཅོས་དང་སྐར་ཨང་འབྲི་བ་སོགས་ནམ་ཡང་གནང་མི་ཆོག

རྒྱུགས་ཞིབ་དང་པོ་དེ་ཚར་བ་དང་རྒྱུགས་ཤོག་ཡིག་ཚང་ངམ་སློབ་སྤྱི་ལས་ཁང་ནས་ཟུར་འཛར་ཤོག་ལྷེ་སེར་པོ་ཟུར་དུ་བླངས་ཏེ་ཟུར་འཛར་ཤོག་ལྷེ་གློ་སྐྱ་དེའི་ཤུལ་དུ་སྔར་བཞིན་གསང་ཨང་སོགས་འཁོད་པ་སྦྱར་ནས་སླར་ཡང་རྒྱུགས་ཞིབ་གསར་པ་གཞན་གཉིས་ལ་ཞིབ་འཇུག་ཐེངས་གཉིས་པ་བྱ་རྒྱུར་ཕུལ་ཏེ་སྔར་བཞིན་ཞིབ་འཇུག་ཆ་ཚང་ཞིག་གནང་སྟེ་སྐར་གྲངས་ཅི་ཐོབ་ཟུར་འཛར་ཤོག་ལྷེ་གློ་སྐྱ་དེའི་ཐོག་རྒྱག་དགོས།

                རྒྱུགས་ཞིབ་གཉིས་པ་གྲུབ་མཚམས་རྒྱུགས་ཤོག་ཡིག་ཚང་ངམ་སློབ་སྤྱི་ལས་ཁང་ནས་ཟུར་འཛར་ཤོག་ལྷེ་སེར་པོ་དང་གློ་སྐྱ་གཉིས་ཀའི་བསྡོམས་ཐོབ་སྐར་གྲངས་གཉིས་བསྡུར་ཏེ། དེ་གཉིས་དབར་སྐར་གྲངས་ ༡༥ ལྷག་གི་མང་ཉུང་ངམ་ཧེ་བག་ཤོར་ཡོད་ཚེ་བསྐྱར་དུ་ཟུར་འཛར་ཤོག་ལྷེ་གསར་པ་རེ་སྦྱར་ཏེ་རྒྱུགས་ཞིབ་པ་སྔ་ཕྱི་གཉིས་ཀར་བསྐྱར་ཞིབ་བྱེད་དུ་འཇུག་དགོས། བསྐྱར་ཞིབ་བྱས་པའི་སྐར་གྲངས་བར་ཁྱད་ཀྱང༌། ༡༥ ལས་བརྒལ་ཡོད་ཚེ་སྐར་གྲངས་སྔ་ཕྱི་ཚང་མའི་ནང་གི་ཧེ་བག་གང་ཆུང་གཉིས་རང་སོར་བཞག དེ་ལྟར་ཞིབ་འཇུག་སྔ་ཕྱི་གཉིས་སོ་སོ་ནས་ཡོང་བའི་བསྡོམས་ཐོབ་སྐར་མ་ཅི་ཙམ་རེ་ཡོད་པ་དེ་གཉིས་ཀྱི་དཀྱིལ་མཚམས་ཏག་ཏག་ནས་བཅད་པའི་ཐོབ་སྐར་ཅི་ཡོད་དེ་ཉིད་རྒྱུགས་ཚན་དེའི་ཐོབ་སྐར་དངོས་ལ་ཆ་འཛིན་བྱེད། ཡིག་གཟུགས་རྒྱུགས་ལའང་ཞིབ་འཇུག་སྔ་ཕྱི་ཐེངས་གཉིས་སམ་རྒྱུགས་ཞིབ་པ་གཉིས་ཏེ་འདི་དང་ཕྱོགས་མཚུངས་བཅོས་དགོས། བློ་འཛིན་རྒྱུགས་ནི་རྒྱུགས་ལེན་མཁན་མི་གསུམ་དང་གཉིས་ཀྱིས་གསང་བའི་སྒོ་ནས་བརྒྱ་ཆ་སྤྲད་པ་གང་ཡོད་བསྡོམས་ནས་སླར་ལ་གསུམ་དང་གཉིས་ལ་བགོས་པའི་ཐོབ་ཆ་ཅི་བབས་དེ་ག་རང་བློ་རྒྱུགས་ཀྱི་ཐོབ་སྐར་ངོ་མར་ཆ་འཛིན་བྱེད་པ་ལས་བསྐྱར་ཞིབ་མེད།

                རྒྱུགས་ཚན་ཆ་ཚང་ལ་ཞིབ་འཇུག་གྲུབ་མཚམས་འཛིན་གྲྭ་སོ་སོའི་སློབ་གཉེར་པ་རེ་རེ་བཞིན་ཐོག་མར་གསང་བའི་ཨང་གྲངས་ཐོག་ནས་བྲིས་རྒྱུགས་ཁག་གི་ཞུས་དག་སྔ་ཕྱི་སོ་སོའི་བསྡོམས་སྐར་དང་དེ་གཉིས་བར་གྱི་ཐོབ་ཆ། ཡིག་གཟུགས་དེབ་སྐར་དང་རྒྱུགས་སྐར། དེ་གཉིས་ཀྱི་བསྡོམས་ཐོབ། བློ་རྒྱུགས་ཀྱི་ཐོབ་ཆ། རྒྱུགས་ཚན་དེ་ཀུན་གྱི་ཐོབ་ཆ་ཁྱོན་བསྡོམས། དེའི་འཕྲོར་ཟླ་གསུམ་རྒྱུགས་སྤྲོད་ཡིན་ན་ཀུན་སྤྱོད་དང༌། འཕྲོད་བསྟེན་གྱི་བརྒྱ་ཆ་དང༌། ལོ་འཁོར་རྒྱུགས་སྤྲོད་ཡིན་ན་ཟླ་གསུམ་ཁག་ནས་ཡོང་བའི་བརྒྱ་ཆ་བཅོ་ལྔའི་སྣོན་ཆ་དང་གཅོག་ཆ། དེ་ཀུན་གྱི་མཐར་མཐའ་མའི་བརྒྱ་ཆ་བཅས་ཆ་ཚང་རེའུ་མིག་ཏུ་ཕབ་སྟེ་རེ་རེ་བཞིན་ཕབ་ནོར་ཤོར་ཡོད་མེད་སོགས་ཞིབ་འཇུག་ནན་ཏན་གྱིས་རྒྱུགས་འཕྲོད་ཡོད་མེད་དང་ཨང་རིམ་དང་གཉིས་སོགས་དབྱེ་བསྒྲིགས་ཟིན་པ་ན་སླར་ཡང་དེ་ལྟ་བུའི་རེའུ་མིག་གསར་པ་གཞན་ཞིག་ཏུ་མཐའ་མའི་བརྒྱ་ཆའི་ཨང་རིམ་མཐོ་དམན་ལྟར་ཆ་ཚང་གཙང་བཤུས་བྱེད་དགོས། དེ་ལ་བསྐྱར་ཞིབ་གྲུབ་མཚམས་གསང་བའི་ཨང་གྲངས་ཀྱི་ཐད་ཀ་སོ་སོར་སློབ་གཉེར་པ་དེ་དང་དེའི་རྐུབ་སྟེགས་ཨང་གྲངས་དང་མིང་འབྲི་དགོས། དེ་ལྟར་རྒྱུགས་ཚན་ཡོངས་ཀྱི་གྲུབ་འབྲས་ཆ་ཚང་ལེགས་པར་བཏོན་གྲུབ་པ་ན་རྒྱུགས་འབྲས་རེའུ་མིག་རྣམས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་ལ་སྤྱན་འབེབས་ཀྱིས་སླར་ཡང་བསྐྱར་ཞིབ་དགོས་ཚེ་བསྐྱར་ཞིབ་དང་མི་དགོས་ཚེ་གྲྭ་མང་ལ་ཁྱབ་བསྒྲགས་བྱེད་དགོས་པ་བཅས་སོ།

བཅུ་གཉིས་པ། རྒྱུགས་རྭའི་འགྲོ་སྟངས།

          རྒྱུགས་སྤྲོད་ཐུན་གཅིག་གི་དུས་ཡུན་ཆུ་ཚོད་ རེ་ཡིན་ཞིང༌། ཆུ་ཚོད་སྐར་མ་ ༡༥ སྔོན་ལ་རྒྱུགས་རྭར་ཚང་འཛོམས་གནང་དགོས། ཐོག་མར་རྒྱུགས་ཤོག་ཡིག་ཚང་ངམ་སློབ་སྤྱི་ཁང་ནས་བཟོ་བསྒྲིགས་བྱས་པའི་རྐུབ་སྟེགས་ཨང་གྲངས་རྣམས་སློབ་མ་སོ་སོར་སྤྲད། སློབ་མ་ཚོས་འབྱོར་ཐོ་བཀོད་མཚམས་རྒྱུགས་ལྟ་རྟོག་པས་རྒྱུགས་ཀྱི་འབྲི་དེབ་དང་དྲི་ཤོག་བཀྲམ། སློབ་མ་སོ་སོས་རྒྱུགས་ཀྱི་འབྲི་དེབ་མདུན་ཤོག་ཐོག་རྐུབ་སྟེགས་ཨང་གྲངས་སོགས་བརྒྱངས༌། རིམ་བཞིན་དུས་ཡུན་ཆུ་ཚོད་གསུམ་ནང་དྲི་བ་ཀུན་གྱི་ལན་མ་ཆད་པར་བྲིས་ཚར་བ་བྱེད་དགོས། དུས་བཀག་ལྟར་བྲིས་མ་ཚར་ནའང་དུས་ཐོག་ལ་རྒྱུགས་ཤོག་བསྡུ་ལེན་བྱེད་དགོས་པ་ལས་དུས་འགྱང་བྱེད་མི་ཆོག རྒྱུགས་ཀྱི་དྲི་ཚིག་རང་གི་དོན་མ་གོ་ཚེ་ཕྱག་བརྐྱངས་ཏེ་ལྟ་རྟོག་པར་གསལ་བཤད་བྱེད་དུ་བཅུག་ན་འགྲིག་ཀྱང༌། དྲི་བའི་ལན་ཤེས་ཐབས་སུ་ལྟ་རྟོག་པར་དྲི་བ་སྣ་ཚོགས་ཞུ་མི་རུང་ལ་དེ་རིགས་ལ་བཀའ་ལན་ཡང་གནང་ཐལ་མེད་པ་དགོས།

                རྒྱུགས་སྤྲོད་སར་དེབ་དང་ཤོག་གུའི་རིགས་གང་ཡང་བསྣམ་ཕེབས་མི་ཆོག་པས་རྒྱུགས་ལྟ་རྟོག་པས་རྒྱུགས་རྭའི་ཕྱི་ནང་ངེས་མེད་དུ་རྒྱུགས་སྤྲོད་སློབ་མ་ཚོར་ལུས་བཤེར་ཞིབ་ནན་རེ་དུས་ཚོད་ངེས་མེད་ཀྱིས་སྐབས་མཚམས་སོ་སོར་གཏོང་དགོས། རྒྱུགས་སྤྲོད་སློབ་མ་ཡོངས་ལ་ཟིང་འཚུབ་མེད་པའི་བསམ་གཞིག་བབས་ལྷིང་ཡོང་ཆེད་རྒྱུགས་རྭའི་ཕྱི་ནང་དུ་སྐད་ཅོར་རྒྱུགས་འདུར་སོགས་དཀྲོག་རྐྱེན་རིགས་འགོག་ཐབས་དང་རྒྱུགས་རྭ་ནས་ཀྱང་དུས་ཡུན་ཆུ་ཚོད་ ལས་ མ་ཟིན་པར་སུ་ཡང་རྩ་ཐོན་མི་ཆོག འོན་ཀྱང་ནད་པ་ལྕི་བའི་རིགས་ལ་དམིགས་བསལ་ཡོད། རྒྱུགས་སྤྲོད་ས་ནས་ཆབ་གསང་ལ་ཕེབས་མཁན་བྱུང་ཚེ་མི་གཅིག་རེ་རེས་མོས་ཀྱིས་ཕེབས་ཆོག་ཀྱང་ཕེབས་ལམ་ནས་རང་ཤག་ལ་འཛུལ་བའམ་སློབ་དེབ་ལ་ལྟ་བ། རྒྱུགས་སྐོར་མི་གཞན་ལ་སྐད་ཆ་འདྲི་བ་སོགས་མི་ཆོག་པས་རྒྱུགས་ལྟ་རྟོག་པ་ཞིག་དེ་དང་མཉམ་བསྐྱོད་ཀྱིས་སྐྱོན་གནད་དེ་རིགས་མི་འབྱུང་བའི་འགན་ལེན་དགོས། རྒྱུགས་སྤྲོད་བྱེད་ས་རང་དུའང་སློབ་གྲོགས་གཞན་གྱིས་བྲིས་པའི་རྒྱུགས་ཤོག་ལ་ཟུར་ལྟ་དང་བརྐུ་བརྗེ་བྱེད་པ། ཡང་ན་རང་གིས་བྲིས་པའི་རྒྱུགས་ཤོག་སློབ་གྲོགས་གཞན་ལ་སྟོན་ཐབས་དང་སྤྲོད་ཐབས་བྱེད་པ་སོགས་རྒྱུགས་སྤྲོད་ཀྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་འདི་རིགས་ཐོན་ཚེ་ལམ་སེང་རྒྱུགས་རྭ་ནས་ཕྱིར་འབུད་ཀྱིས་ཐེངས་དེའི་རྒྱུགས་སྤྲོད་ཆ་ཚང་ལ་ཞུགས་མི་ཆོག་པ་ཡིན། རྒྱུགས་སྤྲོད་སྐབས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་མི་འབྱུང་ཆེད་རྒྱུགས་ལྟ་རྟོག་པ་གཉིས་ཀྱིས་འགན་ཆ་ཚང་འཁྱེར་ནས་དུས་ཡུན་ཆུ་ཚོད་གསུམ་པོའི་རིང་དེར་ལྟ་རྟོག་ལྷོད་གཡེང་མེད་པར་གནང་དགོས་ལ། སློབ་མ་སོ་སོའི་རྒྱུགས་ཀྱི་འབྲི་དཻབ་ཐོག་འགན་ལེན་གྱི་ས་རྟགས་ཀྱང་འགོད་དགོས།

                རྒྱུགས་སྤྲོད་ཀྱི་བར་གསེང་ནངས་དགོང་སོགས་ལ་སློབ་མ་སོ་སོའི་སྡོད་ཤག་གམ་འཛིན་ཁང་དུ་རང་སྦྱོང་འཚོགས་དགོས་པ་དང༌། དེ་ལ་དགེ་རྒན་རྣམས་རེས་མོས་ཀྱིས་ལྟ་རྟོག་གནང་བར་ཕེབས་དགོས། རྒྱུགས་སྤྲོད་གྲུབ་ནས་ཉིན་གཉིས་རིང་གུང་སེང་ཡིན།

བཅུ་གསུམ་པ། ནད་པ་དང་ལས་བྱེད་རྣམས་རྒྱུགས་སྤྲོད་ལ་ཞུགས་སྟངས།

          སྤྱིར་སློབ་གཉེར་པ་ཞིག་ཡིན་ཕྱིན་རྒྱུགས་སྤྲོད་ཁག་ལ་ངེས་པར་ཞུགས་དགོས་པ་ལས་དེ་ལ་དགོངས་པ་ཞུ་འཁྲོལ་བྱེད་ལམ་གཏན་ནས་མེད་པས། གལ་སྲིད་ནད་མནར་རམ་ཛ་དྲག་དོན་རྐྱེན་དབང་གིས་རྒྱུགས་སྤྲོད་ལ་ཞུགས་མ་ཐུབ་པ་ཞིག་བྱུང་བའི་ཚེ་ནའང་དེ་བརྒྱ་ཆའི་རྩ་འབོར་ནས་རྒྱུགས་མ་འཕྲོད་པར་བརྩི་བ་ལས་དམིགས་བསལ་ཅི་ཡང་མེད། དེ་བཞིན་རྒྱུན་ལྡན་གྱི་སློབ་ཁྲིད་ལ་མ་སོང་བའི་ཟུར་འདུག་ནད་པ་དང་ལས་བྱེད་རྣམས་ནི་སྐབས་བབ་སློབ་སྦྱོང་གི་བརྒྱུད་རིམ་ཁག་ལ་ཞུགས་ཐུབ་མེད་པས་རང་གི་སློབ་རིམ་དང་སྤྱིའི་སྒྲིགས་ལམ་གཉིས་ཆ་ནས་རྒྱུགས་སྤྲོད་ལ་ཞུགས་རྒྱའི་ཐོབ་ཐང་མེད། འོན་ཀྱང་འདི་གའི་གནས་བབ་ལ་དཔགས་པའི་དམིགས་བསལ་ཕྲན་བུ་ཞིག་ཡོད་པ་ནི། གློ་ནད་བྱུང་བ་་སོགས་ནད་པ་ལྕི་བའི་རིགས་ཟླ་བ་གསུམ་ལྷག་སྨན་འཐུང་དགོས་ངེས་རིགས་དང༌། ལས་བྱེད་ཟླ་བ་གསུམ་ལྷག་ཉིན་རེའི་སློབ་ཐུན་སྐབས་ལས་ཀ་བྱེད་དགོས་ངེས་རིགས་ཤིག་ནས་དང་བླངས་ཀྱིས་སློབ་སྦྱོང་དང་རྒྱུགས་སྤྲོད་མུ་མཐུད་བྱེད་མཁན་ཡིན་ཚེ། དེ་ཟླ་གསུམ་དང་པོ་ཁོ་ནའི་རྒྱུགས་སྤྲོད་ལ་མ་ཞུགས་ན་འགྲིགས་ཀྱང་རྒྱུགས་སྤྲོད་གཞན་ལ་ངེས་པར་ཞུགས་དགོས་ཤིང༌། དེ་དག་ལ་ཞུགས་ཚེ་དེའི་ཆ་རྐྱེན་རྣམས་སློབ་གཉེར་པ་སྤྱི་མཚུངས་བཞིན་ཚང་དགོས། ཟླ་གསུམ་དང་པོའི་རྒྱུགས་སྤྲོད་ལ་མ་ཞུགས་པ་དེས་ལོ་འཁོར་རྒྱུགས་ཀྱི་སྐབས་སློབ་ཚན་སྤྱི་བྱེའི་ཐོག་གཅོག་ཆའམ་གནོད་ཤུགས་གང་ཡང་མེད། ཟླ་གསུམ་གཉིས་པ་དང་གསུམ་པ་གང་རུང་ངམ་གཉིས་ཀའི་རྒྱུགས་སྤྲོད་ལ་མ་ཞུགས་པ་དང་ཞུགས་ཀྱང་གཉིས་ཀ་བརྒྱ་ཆའི་རྩ་འབོར་ནས་མ་འཕྲོད་ཚེ་སློབ་གཉེར་པ་བྱིངས་བཞིན་ལྷུང་འབབ་མེད་ཀྱང་ལོ་འཁོར་རྒྱུགས་སྤྲོད་ལ་ཞུགས་མི་ཆོག་པ་བཅས།

སློབ་སྤྱིའི་ལས་ཁུངས་ནས། ཕྱི་ལོ་ཟླ་ཚེས་ལ།

(གསལ་བཤད་ཞུ་རྒྱུར། གོང་དུ་ཀ་ཁའི་རིམ་པ་དང་ཨང་གྲངས་ཀྱི་རིམ་པར་སྒྲིག་པ་དག་ནས་མ་ཚང་པ་ཁག་ཅིག་ཡོད་པ་རྣམས་དེ་དག་གི་ནང་དོན་ཞིབ་ཕྲ་རེའུ་མིག་ཏུ་བཀོད་པ་ཁག་ཡིན་པས། གནས་སྐབས་འདིར་བཞག་མེད་པ་དགོངས་འཇགས་འཚལ།)

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.