དང་པོ། དགེ་བསྐུལ་ནི། ཀིརྟིའི་བྱེས་པ་གྲྭ་ཚང་ངམ་སློབ་གཉེར་ཁང་འདིའི་དགེ་འདུན་པའི་ནང་ཁྲིམས་གང་ཡོད་བསྡམས་ནས་སྒྲིགས་ལམ་ལག་བསྟར་གྱིས་ཉེས་ཅན་ལ་ཆད་ལས་འགེལ་བའི་ལས་འགན་གཙོ་བོར་བཞེས་མཁན་གྱི་ཆོས་ཁྲིམས་པ་ཡིན། རྒྱུན་དུ་གྲྭ་པའི་ཀུན་སྤྱོད་དགེ་འདུན་པའི་ནང་ཁྲིམས་དང་མཐུན་པ་ཞིག་ཡོང་གི་ཡོད་མེད་ཀྱི་ལྟ་རྟོག་ལས་ཤོར་མེད་པར་བྱེད་དགོས་ཤིང༌། ཚོགས་གཏམ་དང་སྐྱབས་འཇུག་སྙན་སེང་དང༌། མང་ཇའི་གནང་བ་ཞུ་རྒྱུ་བཅས་ཀྱི་འགན་ཡོད།

གཉིས་པ། གལ་སྲིད་དགེ་བསྐུལ་ནས་ཉེས་ཅན་སྦས་བསྐུང་བྱས་པ་དང༌། དྲང་བདེན་མ་ཡིན་པའི་ཆད་ལས་འགེལ་བ། དགེ་བསྐུལ་རང་ཉིད་ནས་ཁྲིམས་འགལ་བྱས་པ་ར་འཕྲོད་བྱུང་ཚེ་ཆད་ལས་དེ་ཉིད་དགེ་བསྐུལ་རང་ཉིད་ནས་སྒྲུབ་དགོས་ལ། རང་ཟོན་ཁོ་ནས་སྒྲིགས་ལམ་ཡངས་པོར་བཏང་སྟེ་གྲྭ་ཚང་གི་སྒྲིགས་ལམ་ལ་ཤ་ཚ་མ་བྱས་པ་ར་འཕྲོད་བྱུང་ཚེ་དགེ་བསྐུལ་གྱི་ལས་ཡུན་མ་རྫོགས་གོང་ནས་དགེ་བསྐུལ་གྱི་ལས་ཀ་མཚམས་འཇོག་ཏུ་བཅུག་སྟེ་དགེ་བསྐུལ་ཐོན་ཟུར་གྱི་གནས་བབས་མེད་པར་བྱེད་རྒྱུ།

གསུམ་པ། རྒྱུན་ཚོགས་གང་ཡོད་དང༌། སྐུ་རིམ། ཆོས་རྭ་བཅས་པར་མགོ་མཇུག་ཆ་ཚང་ལ་ཉིན་ལྟར་ཆག་མེད་ཀྱིས་ཕེབས་དགོས་ཤིང༌། ཚོགས་ཀྱི་བརྡ་ལན་དང༌། ལྷན་ཚོགས་ཁག་གི་ཚོགས་འདུའི་བརྡ་ལན་ཡང་གནང་དགོས་པའི་འགན་ཡོད། ཆབ་རིལ་གྱི་ཚོགས་བརྡའི་འཁར་རྔ་དང་འཛིན་གྲྭའི་དྲིལ་བརྡ་བཅས་དུས་ཐོག་གཏོང་ཐུབ་ཀྱི་ཡོད་མེད་ལ་གཟིགས་རྟོག གཞུང་ལས་མངགས་དགོས་རིགས་ལ་བརྡ་འདེད་མཛད་དགོས་པར་མ་ཟད། གྲྭ་ཚང་ཕྱི་ནང་གི་གཙང་སྦྲ་ལ་གཟིགས་རྟོག་མཛད་དགོས། མཚན་མོ་ཕྱིའི་སྒོ་ཆེན་བསྡོམ་རྒྱུ་དང༌། གྲྭ་ཚང་གི་གྲྭ་ཤག་ཏུ་ཕྱི་མི་བཀའ་འཁྲོལ་མེད་པའི་རིགས་ཡོང་སྡོད་བྱེད་ཀྱི་ཡོད་མེད་ལ་གཟིགས་རྟོག་གིས་དམ་བསྒྲགས་མཛད་དགོས།

བཞི་པ། དུས་ཐོག་སོ་སོར་ཚོགས་སུ་འཛོམས་ཡོད་མེད་ལ་གྲངས་བཤེར་དང༌། ཚོགས་གྲལ་ནི་བསླབ་གྲལ་བཞིན་བསྒྲིག་དགོས། རྒྱུན་དུ་གཙུག་ལག་ཁང་གི་ཚོགས་དང་གསུང་ཆོས། དུས་འབྲེལ་གསོ་སྦྱོང་ལ་འདེད་བསྐུལ། གྲྭ་ཚང་གི་ཕྱི་ནང་གང་སར་ཉིན་རེའི་དགོངས་ཞུ་ཡོད་མེད་ལ་མཚམས་མཚམས་སུ་ཞིབ་བཤེར་དང་དགོངས་འཁྲོལ་ཚད་འཛིན། གྲྭ་ཤག་དང་འཛིན་གྲྭའི་ཕྱི་ནང་ཀུན་ཏུ་ཚུལ་མིན་གྱི་རྩེད་མོ་དང༌། སྐད་ཅོར་རྒྱག་པ། རྩེད་མོའི་སྐབས་སྒྲིགས་མཐུན་བྱེད་ཀྱི་ཡོད་མེད། ཉིན་ལྟར་གཙང་སྦྲ་པས་གད་ཕྱིས་དང་ཐབ་རེས་ཀྱིས་ལས་དོན་ཇི་བཞིན་སྒྲུབ་ཀྱི་ཡོད་མེད་ལ་གཟིགས་རྟོག དགོང་མོ་རེ་རེ་བཞིན་གྲྭ་པ་ཚང་རྩིས་ཆག་མེད། ཉེས་ཅན་ལ་དུས་འགྱངས་མེད་པར་ཆད་ལས་འགེལ་དགོས་པ་སོགས་ཀྱི་ལས་འགན་ཡོད།

ལྔ་པ། གཙུག་ལག་ཁང་གི་ཚོགས་ཀྱི་སྐབས་དང༌། རྒྱུན་དུ་གྲྭ་ཚང་གི་ཕྱི་ལོགས་དང༌། ཁྲོམ་གཞུང་བཅས་པར་ཚུལ་མིན་གྱི་ཀུན་སྤྱོད་བླ་མ་གྲྭ་ཚང་གི་མཚན་ཤས་ལ་འགྲོ་བའི་སྤྱོད་ངན་གྱི་རིགས་བྱེད་ཀྱི་ཡོད་མེད་ལ་ཕྱི་ནང་གསང་གསུམ་གྱི་སྒོ་ནས་རྒྱུན་དུ་ལྟ་རྟོག ལྷག་པར་དུས་མིན་ཕྱིར་བསྐྱོད་དང་དགོངས་ཤོག་མེད་པར་རང་འཚམས་ཀྱིས་འགྲོ་གི་ཡོད་མེད་རྒྱུན་དུ་ཞིབ་བཤེར་ནན་པོ་བྱེད་པའི་འགན་ཡང་བཞེས་དགོས།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.