2019.7.26 2༄༅།། འདི་ལོའི་ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་འདུ་ཆེན་མོ་ཐེངས་བའི་སྐབས་སྤྱི་མོས་གྲོས་ཆོད་བྱུང་བ་ལྟར། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གི་སྐུ་ཚེ་མཛད་འཕྲིན་རྒྱས་ཆེད་སྤྱི་དང་། རང་ལུགས་དགུང་གྲངས་བརྒྱད་ཅུ་གྱ་ལྔར་ཕེབས་པའི་སྐུའི་དགུང་ཀེག་གི་མཚན་མ་ཅི་མཆིས་ལྷག་མེད་དུ་ཞི་ནས་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་བསྐལ་པ་རྒྱ་མཚོའི་བར་དུ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་པར་བཞུགས་པ་དང་།

༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་གཟུགས་བརྟག་དཔྱད་ཆེད་ཐའེ་ཝན་དུ་ཕེབས་ཡོད་པས་སྐུའི་སྨན་བཅོས་སོགས་གང་དགོས་བདེ་ལེགས་ངང་གྲུབ་ནས་སྐུ་ཚེ་མཛད་འཕྲིན་རྒྱས་ཆེད་བཅས་ལ་དམིགས། ཕྱི་ཟླ་ ༧ ཚེས་ ༢༩ ནས་ཉིན་གསུམ་རིང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་འདུན་འདུས་མང་ཡོངས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན་དང་རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུངས་པར་ཀིརྟིའི་དགེ་རྩ་ཚོགས་པས་མང་ཇ་དང་སྐུ་འགྱེད་ནར་གཏོང་གནང་།

ཕྱི་ཟླ་ ༧ ཚེས་ ༢༦ ནས་བདུན་གཉིས་ཙམ་རིང་སྔ་དགོང་ཆུ་ཚོད་རེའི་རིང་སྨན་བླའི་མདོ་ཆོག་ཐུང་བ་དང་འབྲེལ་ནས་སྨན་གཟུངས་དང་། དཔལ་ལྡན་ལྷ་མོའི་གཟུངས་སྔགས་བྷྱོཿབདུན་མ་གྲངས་གསོག ཆོས་སྲུང་སྤྱི་བྱེའི་གཏོར་འབུལ་དང་འཕྲིན་བཅོལ་སོགས་ཞབས་བརྟན་སྨིན་བསྒྲུབས་ཞུས།

2019.7.26 1 2019.7.26 3

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.