IMG 3024 Desktop Resolution༄༅།།༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་མཆོག་ཚུལ་བསྟན་སྐུའི་སྙུན་གཞི་ལས་ཡོངས་སུ་གྲོལ་ཏེ་ཐེ་ཝན་ནས་མཁའ་ལམ་བརྒྱུད། ཕྱི་ལོ་༢༠༡༨ ཟླ་༦ ཚེས་༤ ཉིན་གྱི་མཚན་མོའི་ཆུ་ཚོད་༨

དང་སྐར་མ་༥༠ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱལ་སྤྱིའི་གནམ་ཐང་དུ་བདེ་བླག་ངང་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེས་གཙོ་ལས་སྣེ་རྣམས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། བོད་ནས་ཆེད་ཕེབས་གནང་བའི་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ཚོགས་ཆེན་ཁྲི་ཟུར་ཨ་ལགས་མགོན་པོ་ཀླུ་སྒྲུབ་ཚང་སོགས་འབྲེལ་ཡོད་བླ་སྤྲུལ་ཁག སུ་ཁེ་ཀིརྟི་དགོན་གྱི་སྐུ་ཚབ། འབྲས་བློ་གླིང་རོང་པོ་ཁང་ཚན་གྱི་སྐུ་ཚབ། མདོ་སྨད་དབུས་སའི་རྒྱུན་ལས། ཀིརྟིའི་མི་རྩའི་དབོན་ཆུང་འཇིགས་མེད་ཆོས་འཕེལ། རྨེའུ་སྲས་མོ་སྤྱི་ཟུར་མགོན་པོ་མཚོ་སོགས་ཀྱིས་གཙོས་གཞིས་བྱེས་གཉིས་ཀྱི་འབྲེལ་ཡོད་སེར་སྐྱ་རྣམས་ཀྱིས་ཕེབས་བསུ་དང་འབྲེལ་བོད་སྒར་བསམ་ཡས་གླིང་གི་གཟིམ་ཆུང་དུ་ཞབས་སོར་འཁོད་དེ་དེར་ཞག་བཞུགས་མཛད། ཕྱི་ཚེས་༦ ཉིན་གྱི་སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཉིན་གུང་གི་དུས་ཚོད་༡༢ དང་སྐར་མ་༡༥ ཐོག་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་སྐབས། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ། ཀིརྟིའི་བྱེས་པ་གྲྭ་ཚང་གི་སྐུ་ཚབ་དང་ཕྱག་མཛོད། དེ་བཞིན་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ། མདོ་སྨད་དབུས་སའི་རྒྱུན་ལས་ཚོགས་གཙོ་སོགས་འབྲེལ་ཡོད་སེར་སྐྱ་མི་མང་རྣམས་ཀྱིས་ཕེབས་བསུ་ཞུས་ཤིང་། བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་སྐབས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་ལས་ཟུར་དང་བླ་སྤྲུལ། དགེ་རྒན་རྣམ་པས་དབུས་དགེ་འདུན་འདུས་མང་ཡོངས་དང་། སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ཚོགས་ཆེན་ཁྲི་ཟུར་ཨ་ལགས་མགོན་པོ་ཀླུ་སྒྲུབ་ཚང་། བོད་མི་མང་མདོ་སྨད་སྤྱི་འཐུས་རྣམ་པ། མདོ་སྨད་དབུས་སའི་རྒྱུན་ལས་རྣམ་པ། གཞན་ཡང་དད་ལྡན་སེར་སྐྱ་མི་མང་བཅས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་ཟབ་རྒྱས་དང་འབྲེལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཡང་སྟེང་གཟིམ་ཆུང་ལུགས་ཟུང་གཡས་སུ་འཁྱིལ་བའི་དགའ་ཚལ་དུ་ སྐུ་གཟི་འོད་ལྷམ་མེར་ཞབས་སོར་བདེ་བར་འཁོད་ཟིན་པའི་བཀྲ་ཤིས་པའི་གཏམ་བཟང་འདི་དགའ་བ་འབུམ་གྱིས་ཕུལ་བ་ལགས་སོ།།

 

147

༸སྐྱབས་རྗེ་གཙོས་གསེར་ཁྲི་རིན་པོ་ཆེ་མཆོག་གིས་ཐེ་ཝན་གནམ་ཐང་ནས་ཕེབས་སྐྱེལ་གནང་སྐབས།

IMGP0663 Desktop Resolution

ལྡི་ལི་གསར་པའི་རྒྱལ་སྤྱིའི་གནམ་ཐང་དུ།

 

IMGP0665 Desktop Resolution

ལྡི་ལི་གསར་པའི་རྒྱལ་སྤྱིའི་གནམ་ཐང་དུ།

IMGP0669 Desktop Resolution

 

ལྡི་ལི་གསར་པའི་རྒྱལ་སྤྱིའི་གནམ་ཐང་དུ།

IMGP0674 Desktop Resolution

ལྡི་ལི་གསར་པའི་རྒྱལ་སྤྱིའི་གནམ་ཐང་དུ།

IMGP0691 Desktop Resolution

ལྡི་ལི་གསར་པའི་རྒྱལ་སྤྱིའི་གནམ་ཐང་ཕེབས་ཐོན་སྐབས།

IMGP0717 Desktop Resolution

བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་གྷ་གྷལ་གནམ་ཐང་དུ་ཕེབས་སྐབས།

IMGP0728 copy Desktop Resolution

བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་གྷ་གྷལ་གནམ་ཐང་དུ་ཕེབས་སྐབས།

IMGP0731 Desktop Resolution

བཞུགས་སྒར་རྡ་རམ་ས་ལ།

IMG 2987 Desktop Resolution

བཞུགས་སྒར་རྡ་རམ་ས་ལ།

IMG 2990 Desktop Resolution

བཞུགས་སྒར་རྡ་རམ་ས་ལ།

IMG 3035 Desktop Resolution

བཞུགས་སྒར་རྡ་རམ་ས་ལ།

     
     

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.