3L2A6810 Desktop Resolution༄༅།། ཕྱི་ལོ་༢༠༡༦ ཟླ་༡༠ ཚེས་༡༠ ཉིན་གྱི་དགོང་མོའི་ཆུ་ཚོད་༧ ནས་ཆུ་ཚོད་གཉིས་ལྷག་རིང་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ལ་ཉེ་བའི་དགའ་ཤར་ལྷ་རམས་པ་བྱང་ཆུབ་སངས་རྒྱས་མཆོག་གདན་འདྲེན་ཞུས་དོན་བཞིན་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ་དངོས་ཕེབས་ཀྱིས་དམ་ཆོས་འདུལ་བའི་སྐོར་ལ་གཞི་གསུམ་གྱི་རྣམ་བཞག་ཅེས་པའི་

བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་དང་དྲི་བར་དྲིས་ལན་བཅས་ཀྱི་བགྲོ་གླེང་ཟབ་རྒྱས་གནང་།

 དེ་ཡང་ཐོག་མར་དམ་ཆོས་འདུལ་བ་གལ་ཆེ་ཚུལ་སྐོར་ལ་བཙུན་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པའི་འདུལ་བ་ལ་བསྟོད་པ་ལས། “ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་

3L2A6850 Desktop Resolutionགཉིས་ཀྱི་གཞི།།དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་།།རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས།།”ཞེས་དང་། རྗེ་རིན་པོ་ཆེས་མཛད་པའི་ཡོན་ཏན་གཞི་གྱུར་མ་ལས། “བསྟན་པའི་རྩ་བ་སོ་སོར་ཐར་པ་ལ། ། སྒྲུབ་པ་སྙིང་པོ་བྱེད་པར་བྱིན་གྱིས་རློབས།།” ཞེས་སོགས་མདོ་དང་བསྟན་བཅོས་ཀྱི་ལུང་མང་པོས་བསྒྲུབས་གནང་མཛད་ཅིང་། གཞན་ཡང་བརྗོད་གཞི་དངོས་ལ་ས་བཅད་ཆེན་པོ་གསུམ་དུ་བྱས་པ་ནི། དང་པོ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། གཉིས་པ། ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། གསུམ་པ། ཉམས་ན་ཕྱིར་བཅོས་པའི་ཚུལ་བཅས་ཀྱི་སྒོ་ནས་ཞིབ་ཅིང་ཕྲ་བ་གསུངས།

དེ་བཞིན་བཀའ་འགྱུར་དུ་བཞུགས་པའི་འདུལ་བ་པོད་བཅུ་གསུམ་ཡོད་པ་ལས་འདུལ་བ་ལུང་གཞི་ལ་པོད་བཞི་དང་། ཕའི་སོ་ཐར་དང་། ལུང་རྣམ་འབྱེད་ལ་པོད་བཞི། མའི་སོ་ཐར་དང་རྣམ་འབྱེད་ལ་པོད་གཅིག ལུང་ཕྲན་ཚེགས་ལ་པོད་གཉིས། ལུང་ཞུ་བ་ལ་པོད་གཉིས་ཡོད་པ་ལའང་སྤྱི་དང་བྱེ་བྲག་གི་བཤད་པ་གནང་ཞིང་། འདུལ་བ་འཛིན་གྲྭར་མ་སླེབས་སྔོན་ནས་འདུལ་བ་སློབ་སྦྱོང་གནང་གལ་ཆེ་ཚུལ་སྐོར་སོགས་བཀའ་སློབ་ཟབ་གནང་བར་མ་ཟད། དབྱར་གནས་སྐོར་དང་། ༸གོང་ས་མཆོག་གིས་བསྟན་པ་མང་ཚོགས་ཀྱིས་འཛིན་དགོས་པའི་བཀའ་སློབ་ཡང་ཡང་གནང་བཞིན་པའི་སྐོར་སོགས་ཀྱི་དྲི་བར་བཀའ་ལན་ཡང་ཟབ་གསལ་གནང་བ་དང་། མཇུག་ཏུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁས་པའི་བགྲོ་གླེང་གོ་སྒྲིག་པས་ཐུགས་རྗེ་ཆེ་ཞུས་ཤིང་། སློབ་སྤྱི་དགེ་སོ་རུ་དར་རྒྱས་མཆོག་གིས་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་དུ་འདི་ག་གྲྭ་ཚང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་པའི་དཔེ་དེབ་ཁག་ཅིག་ཕུལ་ནས་བགྲོ་གླེང་ཡོངས་སུ་གྲོལ། 

 

བགྲོ་གླེང་གི་སྒྲ་ཆ་ཚང་ལ་འདི་ནས་ཉན་ཐུབ།

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.