གླེང་བརྗོད།

 

Book 12 Page 001 Desktop Resolution༄༅།། སྤྱིར་གསུང་འཕྲིན་ནམ་སྤྲིངས་ཡིག་ཅེས་པའི་སློབ་གསོའི་རྣམ་གཞག་འདི་འཛམ་གླིང་གི་ཤེས་རིག་ལོ་རྒྱུས་ཁྲོད་བྱུང་སྔ་ཤོས་འདི་ཡིན་ཞེས་ཐག་ཆོད་པོ་བཤད་མི་ཐུབ་ཀྱང་། གསུང་འཕྲིན་བསླབ་བཏུས་གོང་མ་དག་གི་གླེང་བརྗོད་ནང་ཅུང་ཁ་གསལ་དུ་བཀོད་པ་བཞིན་ནང་བསྟན་གྱི་སློབ་གསོའི་དོན་སྙིང་ལྡན་པའི་གསུང་འཕྲིན་བསླབ་བྱའི་རྩོམ་སྲོལ་ནི། སྟོན་པ་ཞལ་བཞུགས་པའི་སྐབས་ཏེ་ཕྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་ལྔ་ཡས་མས་ནས་བྱུང་ཡོད་པ་ད་ལྟའི་དངོས་ཡོད་གསུང་རྟེན་གྱི་ཐོག་ནས་ར་འཕྲོད་གསལ་པོ་འབྱུང་།

བོད་དུ་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ཞུ་འཕྲིན་ནོར་བུའི་ཕྲེང་བ་མཛད་པའི་ཕྱི་ལོ་དུས་རབས་བཅུ་གཅིག་པ་ཡས་མས་ནས་བཟུང་རིམ་པས་གསུང་འཕྲིན་གྱི་བསླབ་བྱའི་རྩོམ་སྲོལ་རྒྱ་ཁྱབ་ཏུ་དར་ཞིང་། སྐྱེས་བུ་དམ་པ་སོ་སོའི་འགྲོ་བ་འདུལ་བའི་ཐབས་དང་རྩོམ་གཤིས་ཀྱི་དབང་གིས་རྩོམ་པའི་རྣམ་པ་ལ་བཅད་ལྷུག་དང་། དམ་ལྷོད་སོགས་ཀྱི་ཁྱད་པར་མ་འདྲ་བ་མང་ཡང་། སྔ་མོའི་རྩོམ་རིགས་སྤྱི་དང་ལྷག་པར་གསུང་འཕྲིན་ནམ་སྤྲིངས་ཡིག་གི་རིགས་སུ་གཏོགས་པ་ཕལ་མོ་ཆེ་སྒྱུ་རྩལ་གྱི་མཛེས་ཉམས་དོད་པ་ཙམ་མ་ཡིན་པར། ནང་དོན་མིའི་ཀུན་སྤྱོད་དང་བསམ་བློ་ཡར་རྒྱས་ཀྱི་སློབ་གསོའི་གལ་ཆེའི་དོན་སྙིང་ལྡན་པ་ཤ་སྟག་ཏུ་སྣང་བས།

 

 

གླེང་བརྗོད།

 

Book 11 Page 001 Desktop Resolution༄༅།། ཁོང་རིན་པོ་ཆེ་དགུང་ལོ་བརྒྱད་དགུ་ཡས་མས་བཞེས་པའི་སྐབས་ནས་བཟུང་ལྷན་སྐྱེས་ཀྱི་རིག་རྩལ་ལ་བརྟེན་ནས་རྗེ་བཙུན་འཇམ་དཔལ་དབྱངས་སོགས་ལ་བསྟོད་ཚིག་མཛད་པ་སོགས་ཡོངས་འཛིན་ཚང་གི་ཞུས་དག་ལ་མ་བརྟེན་པར་ཚིག་དོན་གཉིས་ཐད་ནས་གནས་ཚད་མཐོ་བའི་སྙན་ངག་བཀའ་རྩོམ་གནང་གི་ཡོད་པ་རྣམ་ཐར་ས་བོན་དུ་གསལ་བས། ཁོང་རིན་པོ་ཆེ་སྐུ་གཞོན་ནུའི་དུས་ནས་རྩོམ་པའི་རིག་རྩལ་ལྷན་སྐྱེས་སུ་རྒྱས་པའི་མཛད་སྤྱོད་མངོན་གྱུར་ཏུ་སྣང་བར་མ་ཟད། རྒྱ་གར་དུ་ཕེབས་ནས་ཀྱང་མཐུན་རྐྱེན་དང་ཁོར་ཡུག་གི་སྐུ་ངལ་སྣ་མང་ཁྱད་དུ་བསད་ནས་ཐུན་མོང་དང་ཐུན་མོང་མིན་པའི་གཞུང་ལུགས་རབ་འབྱམས་ལ་གསན་བསམ་མཛད་པའི་སྐབས་ཀུན་ཏུ་བཀའ་རྩོམ་གྱི་འཕྲོ་བསྐྱུར་མ་མྱོང་ལ། ཕྱིས་སུ་ཆུའི་གཉེར་མ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་མཛད་འགན་སྣ་མང་བཞེས་པའི་སྐབས་སུ་ཡང་མཛད་བྲེལ་ཅི་ཙམ་ཡོད་མེད་ལ་མ་ལྟོས་པར་གཞན་ཕན་འཕྲིན་ལས་ཀྱི་ཆ་ཤས་སུ་བཀའ་རྩོམ་ཇི་སྙེད་བཀའ་དྲིན་བསྐྱངས། 

 

 

                                                                                               གླེང་བརྗོད།

 

Book 10 Page 001 Desktop Resolution༄༅།། སྤྱིར་ཁྲིམས་ཡིག་ཅེས་པ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་འགྱུར་འགྲོས་དང་བསྟུན་བར་ལམ་ནས་དར་ཁྱབ་ཏུ་བྱུང་བའི་རིག་གནས་བྱེ་བྲག་རང་མཚན་པ་ཞིག་ཡིན་ཅིང་། མི་རིགས་དང་རྒྱལ་ཁབ་སོ་སོའི་རིག་གཞུང་གི་གཞི་རྩ་བརྟེན་ས་མ་འདྲ་བ་དང་ངོས་འཛིན་གྱི་འདུ་ཤེས་མ་འདྲ་བའི་དབང་གིས་ཁྲིམས་ཀྱི་ངོ་བོ་དང་དམིགས་ཚད་ལ་ཡང་མཁས་པའི་བཞེད་པ་མ་འདྲ་བ་སྣ་ཚོགས་བྱུང་དང་འབྱུང་བཞིན་པར་མ་ཟད། ཁྲིམས་ཀྱི་བྱུང་རབས་ལ་ཤར་ནུབ་ཀྱི་རིག་གཞུང་མི་འདྲ་བ་དང་ལོ་རྒྱུས་ཀྱི་ལྟ་ཚུལ་མི་འདྲ་བའི་ངོས་གཉིས་ནས་བལྟ་བའི་སྐབས་འགལ་བའི་སྣང་ཚུལ་གཉིས་འབྱུང་བར་གཞི་རྩ་ཤིན་ཏུ་མང་། འཛམ་གླིང་གི་ཐོག་མའི་ལོ་རྒྱུས་དུས་སྐབས་སུ་ཁྲིམས་ལུགས་ཀྱི་གཞུང་ལུགས་དང་རིག་གནས་ཡིག་ཐོག་ཏུ་འཁོད་པ་ཞིག་མེད་ཀྱང་། འགྲོ་བ་མི་སྤྱི་ཡོངས་ཀྱི་འགྲོ་འཆག་ཉལ་འདུག་དང་། བཟའ་བཏུང་སྤྱོད་གསུམ་ལ་རང་བཞིན་གྱིས་བརྩི་སྲུང་བྱེད་པའི་བཅས་མཚམས་ཤིག་ཡོད་པ་ལོ་རྒྱུས་འཕེལ་རིམ་གྱི་ཆོས་ཉིད་ཀྱི་ཐོག་ནས་རྟོགས་ཐུབ། ལོ་རྒྱུས་ཀྱི་དུས་སྐབས་ཤིག་ནས་མིས་རང་ངོས་ནས་ཚུལ་ཁྲིམས་ངང་གིས་སྲུང་བའི་བསམ་བློའི་ནུས་མཐུ་དང་སྒོ་གསུམ་གྱི་བཟང་སྤྱོད་རིམ་གྱིས་ཉམས་ཆག་ཏུ་ཕྱིན་ཏེ་མིའི་སྒོ་གསུམ་ལ་ཁྲིམས་ལུགས་ཀྱིས་སྟངས་འཛིན་བྱེད་དགོས་པར་གྱུར་ཅིང་།

 

 

 

                                                                                                   གླེང་བརྗོད།

Book 09 Page 001 Desktop Resolution༄༅།། བོད་ཆོས་ལྡན་གྱི་ཞིང་དུ་ཆོས་སྤྱོད་དང་ཆོ་གའི་རིགས་གནའ་སྔ་མོ་ནས་དར་ཁྱབ་ཏུ་གྱུར་ཡོད་པར་མ་ཟད། ཆོས་བརྒྱུད་དང་དགོན་ཁག་སོ་སོའི་ཉམས་བཞེས་ཀྱི་ཕྱག་སྲོལ་མ་འདྲ་བའི་ཁྱད་པར་ལ་བརྟེན་ནས་ཆོས་སྤྱོད་ཀྱི་ནང་དོན་དང་རྣམ་པ་ལ་ཡང་ཅུང་མ་འདྲ་བ་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་ཆོས་སྤྱོད་དང་འདོན་ཆོག་རིགས་བོད་མི་དད་ལྡན་སྐྱ་སེར་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་བཀོལ་སྤྱོད་ཀྱི་དར་ཁྱབ་ཤིན་ཏུ་ཆེ་བས། རྒྱུན་ལྡན་གྱི་ཉམས་ལེན་དང་། ན་ཤི་སྐྱིད་སྡུག་གང་གི་སྐབས་སུ་ཡང་བོད་རིགས་དད་ལྡན་མང་ཚོགས་ཀྱི་འཚོ་བའི་བྱ་བཞག་དང་གཏན་ནས་ཁ་བྲལ་ཐབས་མེད་པ་ལྟ་བུར་གྱུར་ཡོད།

འོན་ཀྱང་བར་ལམ་ནས་ཆོས་བྱེད་པ་འགས་མདོ་རྒྱུད་ནས་འབྱུང་བའི་ཆོ་ག་བཞིན་མི་མཛད་པར་རང་སྣང་གང་དྲན་གྱིས་གྲོང་ཆོག་བྱེད་པའི་སྲོལ་ངན་ཞིག་དར་ཁྱབ་ཏུ་འགྲོ་བཞིན་པའི་སྐབས་འདིར། ༧སྐྱབས་མཆོག་ཀིརྟི་རིན་པོ་ཆེས་གྲོང་ཆོག་པ་རྣམས་ཀྱིས་ཀྱང་མདོ་རྒྱུད་ནས་འབྱུང་བ་ལྟར་གྱིས་ཆོ་ག་ཆད་ལྷག་མེད་པར་མཚན་ཉིད་ཚང་བ་ཞིག་བྱེད་ནུས་ན། ཆོས་ཀྱི་སྦྱིན་པའི་ཉམས་ལེན་དུ་འགྲོ་བས་རང་གཞན་གཉིས་ཕན་དུ་འགྱུར་ངེས་པར་མ་ཟད། རྒྱལ་བའི་བསྟན་པ་ལ་རྨ་མི་འབྱིན་པ་དང་གྲོང་ཆོག་པ་རང་ཉིད་མང་ཚོགས་ལ་མགོ་སྐོར་གཏོང་བའི་ཆོས་རྫུས་པ་ཞིག་ཏུ་མི་འགྱུར་བ་སོགས་ཀྱི་དགོས་གནད་ཀྱི་རྒྱབ་ལྗོངས་དུ་མ་ལ་གཟིགས་ནས།

 

 

                                                                                          གླེང་བརྗོད།

 

Book 08 Page 001 Desktop Resolution༄༅།། མཉམ་མེད་ཇོ་བོ་ཆེན་པོ་སོགས་ནས་བོད་སྟོན་ཀྱེར་སྒང་པ་ལ་བརྒྱུད་པའི་ཐུགས་རྗེ་ཆེན་པོ་ཀྱེར་སྒང་ལུགས་དང་། དགེ་སློང་མ་དཔལ་མོ་ནས་བརྒྱུད་པ་ལ་ཐུགས་རྗེ་ཆེན་པོ་དཔལ་མོའི་ལུགས། བྱང་ཆུབ་སེམས་དཔའ་ཟླ་བའི་རྒྱལ་མཚན་ནས་བརྒྱུད་པ་ལ་ཐུགས་རྗེ་ཆེན་པོ་ཟླ་རྒྱལ་ལུགས། གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་ཁྲོ་ཕུ་ལོ་ཙཱ་བ་སོགས་ལ་བརྒྱུད་པ་ལ་ཐུགས་རྗེ་ཆེན་པོ་མི་ཏྲའི་ལུགས། རྡོ་རྗེ་རྣལ་འབྱོར་མ་ནས་གཉན་ཚེམ་བུ་པ་དར་མ་འོད་ཟེར་ལ་བརྒྱུད་པ་ལ་གཉན་ཚེམ་བུ་པའི་ལུགས་སུ་གྲགས་པ་སྟེ་ཐུགས་རྗེ་ཆེན་པོའི་བཀའ་སྲོལ་ཆེན་པོ་ལྔ་ཞེས་ཡོངས་སུ་གྲགས་པ་ལ། གཉན་ཚེམ་བུ་པའི་ལུགས་སུ་གྲགས་པའི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ནི། མདོ་རྒྱུད་ཀྱི་གདམས་པ་མཐའ་ཡས་པ་མཁྱེན་པའི་ཀློང་དུ་གྱུར་ཅིང་། ཟས་ངན་ངོན་དང་གོས་ཚེམ་བུ་ཙམ་གྱིས་ཆོག་ཤེས་པར་མཛད་པའི་སྒྲུབ་པའི་རྣལ་འབྱོར་པ་ཆེན་པོ། ༧རྗེ་བཙུན་དར་མ་འོད་ཟེར་ཞེས་ཡོངས་སུ་གྲགས་པ་ཁོང་ནས་བརྒྱུད་ཅིང་། དམ་པ་ཁོང་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆོས་སྐོར་འདི་ཉམས་བཞེས་ཀྱི་མཐིལ་དུ་མཛད་པས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པར་མ་ཟད། ཕྱིས་སུ་ཡང་ཁོང་ནས་བརྒྱུད་པའི་གཉན་ཚེམ་བུ་པའི་ལུགས་ཀྱི་འཕགས་མཆོག་

 

 

གླེང་བརྗོད།

 

Book 07 Page 001 Desktop Resolution༄༅།། མཉམ་མེད་ཇོ་བོ་ཆེན་པོ་སོགས་ནས་བོད་སྟོན་ཀྱེར་སྒང་པ་ལ་བརྒྱུད་པའི་ཐུགས་རྗེ་ཆེན་པོ་ཀྱེར་སྒང་ལུགས་དང་། དགེ་སློང་མ་དཔལ་མོ་ནས་བརྒྱུད་པ་ལ་ཐུགས་རྗེ་ཆེན་པོ་དཔལ་མོའི་ལུགས། བྱང་ཆུབ་སེམས་དཔའ་ཟླ་བའི་རྒྱལ་མཚན་ནས་བརྒྱུད་པ་ལ་ཐུགས་རྗེ་ཆེན་པོ་ཟླ་རྒྱལ་ལུགས། གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་ཁྲོ་ཕུ་ལོ་ཙཱ་བ་སོགས་ལ་བརྒྱུད་པ་ལ་ཐུགས་རྗེ་ཆེན་པོ་མི་ཏྲའི་ལུགས། རྡོ་རྗེ་རྣལ་འབྱོར་མ་ནས་གཉན་ཚེམ་བུ་པ་དར་མ་འོད་ཟེར་ལ་བརྒྱུད་པ་ལ་གཉན་ཚེམ་བུ་པའི་ལུགས་སུ་གྲགས་པ་སྟེ་ཐུགས་རྗེ་ཆེན་པོའི་བཀའ་སྲོལ་ཆེན་པོ་ལྔ་ཞེས་ཡོངས་སུ་གྲགས་པ་ལ། གཉན་ཚེམ་བུ་པའི་ལུགས་སུ་གྲགས་པའི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ནི། མདོ་རྒྱུད་ཀྱི་གདམས་པ་མཐའ་ཡས་པ་མཁྱེན་པའི་ཀློང་དུ་གྱུར་ཅིང་། ཟས་ངན་ངོན་དང་གོས་ཚེམ་བུ་ཙམ་གྱིས་ཆོག་ཤེས་པར་མཛད་པའི་སྒྲུབ་པའི་རྣལ་འབྱོར་པ་ཆེན་པོ། ༧རྗེ་བཙུན་དར་མ་འོད་ཟེར་ཞེས་ཡོངས་སུ་གྲགས་པ་ཁོང་ནས་བརྒྱུད་ཅིང་། དམ་པ་ཁོང་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆོས་སྐོར་འདི་ཉམས་བཞེས་ཀྱི་མཐིལ་དུ་མཛད་པས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པར་མ་ཟད།

 

 

གླེང་བརྗོད།

Book 06 Page 001༄༅།། ལུགས་ཟུང་གསུང་བཤད་བསླབ་བཏུས་གཉིས་པའི་གླེང་བརྗོད་དུ་བཀོད་པ་ལྟར། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་བཀའ་རྩོམ་སྤྱི་དང་ལྷག་པར་དུ་གསུང་བཤད་དང་གསུང་འཕྲིན་གྱི་དེབ་ཕྲེང་འགའ་ཤས་དཔར་བསྐྲུན་འགྲེམས་སྤེལ་ཞུས་པའི་ལོ་ཤས་རྗེས་ཀྱི་ད་ལྟ་ལས་གཞི་འདིའི་གྲུབ་འབྲས་ལ་ཕྱི་མིག་ཅིག་བལྟས་པའི་སྐབས། བཙན་བྱོལ་ནང་གི་སྐྱ་སེར་རིས་མེད་ཀྱི་མཁས་པ་དང་ཤེས་ཡོན་ཅན་དུ་མས་ལས་གཞི་འདིས་བོད་མི་ཚོར་ཆོས་སྲིད་ཀྱི་གོ་རྟོགས་སད་ཐུབ་པར་ཕན་ནུས་ཐོན་པར་མ་ཟད། གཞོན་སྐྱེས་ཚོར་རང་གི་ཕ་མེས་གོང་མ་ཚོའི་རིག་གཞུང་གི་རིན་ཐང་དང་། རང་གི་ཕ་སྐད་དང་བཟང་སྤྱོད། བོད་མི་རིགས་ཀྱི་ཐུན་མོང་མིན་པའི་ངོ་བོ་རྒྱུན་འཛིན་བྱེད་དགོས་པའི་རྒྱུ་མཚན་བཅས་ཚིག་གསལ་དོན་བསྡུས་ཀྱིས་ར་འཕྲོད་པས་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས། ངོ་བསྟོད་མིན་པའི་དངོས་ཡོད་ཀྱི་གནས་ཚུལ་གསུང་མཁན་བྱུང་ལ། བོད་ནང་དུ་མཚོན་ན་བོད་ས་སྟོད་སྨད་ཀྱི་མཁས་པ་དུ་མས། གདམས་ངག་གླེང་མོལ་གྱི་ཚུལ་དུ་གནང་བའི་གསུང་བཤད་འདི་རིགས་ལ་སྔོན་གྱི་བཀའ་གདམས་པའི་དགེ་བཤེས་ཚོའི་གསུང་གི་ཁྱད་ཆོས་ལྡན་པར་མ་ཟད། བོད་མི་རིགས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཡང་གཞོན་སྐྱེས་ཚོར་གོ་བརྡ་འཕྲོད་ངེས་སུ་གསལ་བཤད་གནང་འདུག་སྟབས།

 

 

གླེང་བརྗོད།

40 kirti book 4༄༅།། གསུང་འཕྲིན་ནམ་སྤྲིངས་ཡིག་ཅེས་པའི་རྩོམ་སྲོལ་གྱི་རྣམ་བཞག་འདི་འཛམ་གླིང་སྤྱིའི་རྩོམ་རིགས་ཀྱི་བྱུང་བའི་དབང་དུ་བྱས་ན་ཆེས་བྱུང་སྔ་བའི་ལོ་རྒྱུས་རིང་པོ་ཡོད་པ་གོར་མ་ཆག་ཅིང་།  ལྷག་པར་རྒྱ་བོད་ཀྱི་ཡུལ་དུ་ནང་པའི་ཆོས་ལུགས་ཀྱི་སློབ་གསོའི་དོན་སྙིང་ལྡན་པའི་གསུང་འཕྲིན་རྩོམ་ཡིག་ལ་ལོ་ངོ་གཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་ད་ལྟའི་དཔྱད་གཞིའི་རྩོམ་ཡིག་ཁག་ལས་གསལ་པོ་ཤེས་ཐུབ།དེ་ཡང་སྟོན་པ་རང་ཉིད་ཀྱིས་སིང་ག་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་རྗེས་སུ་བཟུང་བའི་ཆེད་སྤྲིངས་པའི་བཀའ་འཕྲིན་དང་།མཆོད་སྦྱིན་མ་བསྙེན་པར་རྫོགས་པའི་ཆེད་དུ་སྤྲིངས་པའི་བཀའ་འཕྲིན་གཉིས་ནང་པའི་ལྟ་གྲུབ་དང་ལྷ་ཆོས་ཀྱི་སློབ་གསོའི་དོན་སྙིང་ལྡན་པའི་འཕྲིན་ཡིག་དང་པོ་དེ་ཡིན་ནམ་སྙམ་ཞིང་།དེ་ནས་རིམ་པས་ནཱ་ལེན་དྲའི་དགེ་འདུན་པ་ཐུན་མོང་ནས་མུ་སྟེགས་ཐུབ་དཀའ་ནག་པོ་འདུལ་ཕྱིར་སློབ་དཔོན་ཨརྱ་དེ་བ་གདན་འདྲེན་པར་མགོན་པོའི་སྤྲུལ་པའི་བྱ་རོག་བརྒྱུད་སྤྲིངས་པའི་གསུང་འཕྲིན་དང་།མགོན་པོ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་དང་འཕྲིན་ཡིག་རིན་ཆེན་ཕྲེང་བ།སློབ་དཔོན་ཙན་དྲ་གོ་མིའི་སློབ་སྤྲིངས་སོགས་རྒྱ་གར་ཡུལ་དུ་ནང་པའི་ལྟ་གྲུབ་དང་བཟང་སྤྱོད་ཀྱི་སློབ་གསོའི་དོན་སྙིང་ལྡན་པའི་གསུང་འཕྲིན་རྩོམ་རིགས་དར་ཁྱབ་ཆེན་པོ་བྱུང་བ་འདིས་རྒྱ་གར་པའི་

 

 

གླེང་བརྗོད།

39 kirti book 3༄༅།། སློབ་དཔོན་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ནས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ཚེ་ཕྱི་ནས་གང་གིས་སློང་བར་འགྱུར། །ཞེས་གསུངས་པ་ལྟར་གཏན་གྱི་འདུན་མའི་གདམ་ག་རང་ལག་ཏུ་ཡོད་པའི་མིའི་འགྲོ་བ་ལ་བླང་དོར་གྱི་ངོ་བོ་མ་ནོར་བར་འབྱེད་པའི་བློའི་མཐུ་ནི་རང་ཆས་སུ་མེད་པས། རང་ཉིད་ལེགས་སུ་འདོད་པ་རྣམས་ཀྱིས་སྤང་བླང་གི་གནད་མ་འཁྲུལ་བར་སྟོན་པའི་ྋརྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་དང་དེ་སྟོན་པའི་དགེ་བའི་བཤེས་གཉེན་ལ་མི་བརྟེན་མི་རུང་བའི་ཆོས་ཉིད་ཀྱི་གྲུབ་ཚུལ་འདིའི་དབང་གིས། འགྲོ་ལ་གཅིག་ཏུ་ཕན་པར་བཞེད་པའི་སྔོན་དང་ད་ལྟའི་རྒྱལ་སྲས་བྱང་སེམས་ལོ་པཎ་མཁས་གྲུབ་མང་པོས། གདུལ་བྱ་རང་རང་གི་ཁམས་དང་བསམ་པ། མོས་པ་དང་འཚམས་པར་ཐབས་ཚུལ་ཇི་སྙེད་པའི་སྒོ་ནས་མིའི་བློ་སྣ་ཡར་འཁྲིད་ཀྱི་སློབ་གསོའི་རང་བཞིན་མངའ་བའི་གཞུང་ལུགས་ཀྱི་ཡིག་འཇོག་མང་པོ་མཛད་ཡོད་པ་ད་ལྟ་བོད་ཀྱི་སྐད་ཡིག་ཐོག་ཏུ་ཡོད་པའི་བཀའ་བསྟན་འགྱུར། བོད་ཀྱི་མཁས་གྲུབ་རིམ་པས་མཛད་པ་ཟབ་བརླིང་གི་བཀའ་རྩོམ་གྱི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་མངའ་བ་འདིའི་ཐོག་ནས་གསལ་པོ་ཤེས་ཐུབ།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.