40 kirti book 4

མཚན་བྱང་།        ལུགས་ཟུང་གསུང་འཕྲིན་བསླབ་བཏུས།

མཛད་པ་པོ།       ༸སྐྱབས་རྗེ་ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།           ལུགས་ཟུང་བསླབ་བྱ།

          གསུང་འཕྲིན་བསླབ་བཏུས་ནི། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་གཞིས་བྱེས་གཉིས་ཀྱི་འབྲེལ་ཡོད་དགོན་གྲོང་རྣམས་ལ་སྔ་ཕྱིར་གནང་བའི་གསུང་འཕྲིན་ཁག་ལས་བསླབ་བྱ་ཟུར་འདོན་གྱིས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ལ། འདིར་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་ལས་སྣེ་ཐུན་མོང་ལ་གནང་བའི་བཀའ་སློབ་གསུང་འཕྲིན་སོགས་ཀིརྟི་ཚང་གི་མ་བུ་དགོན་གཙོར་བྱས་པའི་དགོན་པ་གྲྭ་ཚང་ཁག་དང་བླ་གྲྭ་སྤྱི་ལ་གནང་བའི་གསུང་འཕྲིན་ཁག་བཅུ་གཅིག རྔ་པ་ཀིརྟིའི་དགོན་ལྔ་རིག་ནང་བསྟན་སློབ་གླིང་གསར་འཛུགས་བྱེད་འཆར་ལ་གནང་བའི་བཀའ་སློབ་གསུང་འཕྲིན། ནང་འཁྲུག་དང་ས་རྩོད་སོགས་ཀྱི་སྐོར་ལ་གནང་བའི་གསུང་འཕྲིན། བཙན་བྱོལ་ནང་གི་འབྲེལ་ཡོད་དགོན་པ་གྲྭ་ཚང་དང་བླ་གྲྭ་སྤྱི་ལ་གནང་བའི་གསུང་འཕྲིན། མི་མང་དང་ཚོགས་པ་ཁག དེབ་སོགས་ཀྱི་ཆེད་བརྗོད་དུ་གནང་བའི་གསུང་འཕྲིན་བཅས་གསུང་འཕྲིན་ཁག་སུམ་ཅུ་སོ་བཞི་བཞུགས། ཕབ་ལེན་བྱེད་ས།

 

39 kirti book 3མཚན་བྱང་།      ལུགས་ཟུང་གསུང་བཤད་བསླབ་བཏུས།

མཛད་པ་པོ།     ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།          ལུགས་ཟུང་བསླབ་བྱ།

 

            གསུང་བཤད་བསླབ་བཏུས་འདི་ནི། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་འབྲེལ་ཡོད་སེར་སྐྱ་མི་མང་རྣམས་ལ་སྔ་ཕྱིར་གནང་བའི་གསུང་བཤད་ཁག་སྒྲ་འཛིན་འཁོར་ཐག་ལས་ཕབ་བཤུས་དང་གསུང་བཤད་ཟིན་བྲིས་ཁག་གཅེས་བསྒྲིགས་བྱས་པ་ཞིག་ཡིན་ལ།

              འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་གའི་གྲྭ་ཚང་དུ་ཆིབས་བསྒྱུར་སྐབས་ཀྱི་ལས་བསྡོམས་སྙན་ཞུ་གཙོར་བྱས་འདི་གའི་གྲྭ་ཚང་རང་ལ་གནང་བའི་གསུང་བཤད་དང་། བོད་གཞུང་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས་སྐབས་གཞུང་འབྲེལ་གྱི་མཛད་སྒོ་དང་ཚོགས་འདུ་སོགས་སུ་གནང་བའི་གཞུང་འབྲེལ་གྱི་གསུང་བཤད། རྒྱ་བལ་སོགས་སུ་གནས་བཞུགས་འབྲེལ་ཡོད་མང་ཚོགས་ལ་གནང་བའི་གསུང་བཤད། སློབ་གྲྭ་ཁག་གི་སློབ་མ་ཚོར་གནང་བའི་གསུང་བཤད། འདི་གའི་གྲྭ་ཚང་དུ་ཀིརྟི་ཚང་དང་འབྲེལ་ཡོད་གཞིས་བྱེས་ཀྱི་གནད་ཡོད་མི་སྣ་ལྷན་འཛོམས་ཐོག་གནང་བའི་གསུང་བཤད་བཅས་གསུང་བཤད་མི་འདྲ་བ་ཉི་ཤུ་རྩ་ལྔ་བཞུགས། ཕབ་ལེན་བྱེད་ས།

38 kirti book 2མཚན་བྱང་།       དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ།

མཛད་པ་པོ།       ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།          མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མི་ཚེའི་ལོ་རྒྱུས་སྐོར།

 

             འདིར་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་སྔོན་འགྲོའི་ཆེད་བརྗོད་ནང་གསེས་དོན་ཚན་བཅུ་གཅིག་ཅན། དོན་ཚན་གཉིས་པ་ནས་དོན་ཚན་བཅུ་པའི་བར་མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མཛད་རྣམ་སྐོར་ཨ་མདོ་རྫོང་ངུ་ནག་རྡོ་ལགས་དང་། འབྲས་ལྗོངས་མངའ་སྡེའི་བློན་ཆེན་ཀ་ཇི་ལྷུན་འགྲུབ་རྡོ་རྗེ་མཆོག དགེ་སློང་རིག་འཛིན་དབང་པོ། བཀྲས་མཐོང་རཀ་ར་མཆོག་སྤྲུལ་རིན་པོ་ཆེ། སྣང་རྩེ་ཤག་གི་མི་དཔོན་སྐུ་ངོ་བཀྲ་ཤིས་དཔལ་ར་པ། ཀླུ་འབུམ་ཁང་ཚན་གྱི་རྒན་སྣང་ར་དགེ་འདུན་བཟོད་པ། སྣར་སྐྱིད་སྐུ་ངོ་ངག་དབང་དོན་འགྲུབ། ཨ་མདོ་ཅོ་ནེ་མཆེད་པ་ཨ་ལགས་འཇམ་དཔལ་མཆོག སྐུ་ཞབས་ཐོན་ཟུར་བློ་བཟང་བསྟན་འཛིན་བཅས་ལ་དགེ་འདུན་ཆོས་འཕེལ་གྱི་མི་ཚེའི་ལོ་རྒྱུས་བཀའ་འདྲི་མཛད་པའི་དྲིས་ལན་ཁག ཚན་པ་བཅུ་གཅིག་པ། མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཉམས་ཞིབ་གནང་སྟངས་སྐོར་གྱི་ལས་བསྡོམས་སྙན་ཞུ། བཅུ་གཉིས་པ། དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་སོགས་རྩད་ཞིབ་གནང་སྟངས་དང་འབྲེལ་བའི་དངོས་བྱུང་བརྒྱུད་རིམ་སྐོར། བཅུ་གསུམ་པ། དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དང་འབྲེལ་བའི་དྲིས་ལན་བཅུ་གསུམ་མ། བཅུ་བཞི་པ། གསར་འགྱུར་མེ་ལོང་དུ་འཁོད་པའི་དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་སྐོར་དཔེ་མཚོན། བཅོ་ལྔ་པ། དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ནང་གསལ་བའི་མི་སྣ་འགའི་ལོ་རྒྱུས། བཅུ་དྲུག་པ་མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་སྐུ་པར་དང་ཞལ་ཐང་། ཡིག་གཟུགས་སྣ་ཚོགས། ལས་རྟགས་དང་ས་ཡིག ས་ཁྲ། རི་མོ་སོགས་དཔྱད་གཞིའི་ཡིག་ཆ་ཕྱོགས་བསྒྲིགས་བཅས་བཞུགས། ཕབ་ལེན་བྱེད་ས།

 

 

35 kirti book 1མཚན་བྱང་།      བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང་།

མཛད་པ་པོ།       ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག

བརྗོད་བྱ།           གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས།

 

          འདིར་དམ་ཆོས་མཛད་པའི་བོད་རྒྱལ་དང་པོ་བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་ལོ་རྒྱུས་ལ་དཔྱད་པ། ཡབ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ལོ་རྒྱུས་ལ་དཔྱད་པ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ལོ་རྒྱུས་ལ་དཔྱད་པ། བོད་ཀྱི་རྒྱལ་རབས་ཀྱི་ལོ་ཚིགས་དཔྱད་གཞི་དང་ལོ་ཚིགགས་ཤེས་བྱའི་རེའུ་མིག གནའ་བོའི་དུས་ཀྱི་བོད་དང་བལ་ཡུལ་བར་གྱི་འབྲེལ་བའི་ལོ་རྒྱུས་ལ་དཔྱད་པ། བོད་ཀྱི་བློན་ཆེན་པོ་མགར་སྟོང་བཙན་ཡུལ་བཟུང་ཡབ་སྲས་གསུམ་གྱི་མཛད་པ་ལ་དཔྱད་པ། ཐོན་མི་སཾབྷོཊའི་རྣམ་ཐར། བོད་ཀྱི་དམག་དཔོན་ཆེན་པོ་ཞང་རྗེ་བཙུན་གྱི་ལོ་རྒྱུས་ལ་དཔྱད་པ། བོད་ཀྱི་ཡིག་གཟུགས་འབྲུ་ཚའི་ལོ་རྒྱུས་བཅས་བཀའ་རྩོམ་མི་འདྲ་བ་ཁག་དགུ་བཞུགས།

 

ཕབ་ལེན་བྱེད་ས།

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.