011༄༅།། ཀིརྟི་ཚང་དང་ལས་ཀྱིས་འབྲེལ་བའི་མདོ་སྨད་པ་སྤྱི་དང་ལྷག་པར་མི་རབས་དང་བླ་རབས་དབར་དམ་ཚིག་གཙང་ཞིང་བརྩེ་ཞེན་ཆེ་བའི་འབྲེལ་ཡོད་སེར་སྐྱ་མི་མང་རྣམས་ཀྱི་༧སྙན་ལམ་དུ། ཆེད་ཞུ། ད་ལམ་ཕྲན་ཐའེ་ཝན་དུ་སྨན་བཅོས་འཕྲོད་བསྟེན་ལ་འབད་བཞིན་པའི་སྐབས། ཕྱི་ཟླ་ ཚེས་ ༢༡ ཉིན་བར་གཅོད་ཀྱི་དབང་གིས་གློ་བུར་ནད་མནར་དྲག་པོ་ཞིག་ཕོག་པར། བོད་གཞིས་བྱེས་གཉིས་ཀྱི་

འབྲེལ་ཡོད་སེར་སྐྱ་མི་མང་སྤྱི་སྒེར་སྣ་ཚོགས་པ་ནས་སྐྱབས་ཞུ་དང་འབྲེལ་བསྒྲུབས་ཐོ་ཁག་འབྱོར་བཞིན་པ་ལྟར། བར་གཅོད་གེགས་རིགས་ཀྱི་གནོད་འཚེ་ལས་གྲོལ་ཞིང་ནད་གཞི་མྱུར་དྭངས་ཆེད་ཉིན་མཚན་ལྟོས་མེད་ཀྱིས་ཞབས་རིམ་རྒྱ་ཆེན་པོ་སྨིན་སྒྲུབ་གནང་བ་དང་། དད་དམ་གཙང་ཞིང་བརྩེ་ཞེན་ཆེ་བའི་སྒོ་ནས་བསླུ་མེད་མཆོག་གསུམ་ལ་གསོལ་འདེབས་སྨོན་ལམ་གནད་སྨིན་གནང་བའི་འབྲས་བུར། ཕྱི་ཟླ་ ཚེས་ ༢༧ ཉིན་ཛ་དྲག་མྱུར་སྐྱོབ་ཁང་ནས་ཕྱི་ལ་ཐོན་ཐུབ་པ་བྱུང་སྟེ་ད་ལྟ་ནད་གསོ་ཁང་དུ་ལུས་ཁམས་ཡར་དྭངས་ཡོང་བཞིན་པའི་སྐབས་ཡིན་པས་ཐུགས་བདེ་པོ་བྱེད་ཆོག་ཅེས་ཞུ་བ་དང་ཆབས་ཅིག ད་ལམ་ངས་རྐྱེན་བྱས་ཏེ་དགེ་སྒྲུབ་རྒྱ་ཆེན་པོ་གནང་བ་འདི་ྋགོང་ས་༧སྐྱབས་

022མགོན་ཆེན་པོ་མཆོག་གིས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་འགྲོ་བ་དང་། ཁྱེད་སེར་སྐྱ་མང་ཚོགས་ཀྱི་རེ་འདུན་བཞིན་ངོས་རང་གི་ནད་གཞིའང་མྱུར་དུ་དྭངས་ཏེ་རིང་འཚོ་འོང་བའི་སྨོན་འདུན་ནན་ཏན་གྱིས་མཚམས་སྦྱོར་གསོལ་འདེབས་ཞུ་བཞིན་ཡོད།

ཐུན་མོང་མ་ཡིན་པའི་འབྲེལ་ཡོད་ཚོ་ནི། ངོས་ནས་ལམ་སྟོན་གང་ཤེས་སྔ་ཕྱིར་བྱས་པ་བཞིན་ལྷག་བསམ་དང་དམ་ཚིག་གཙང་མས་འབད་བརྩོན་ངོ་ལྐོག་མེད་པར་མཛད་བཞིན་པ་ལས་ལྷག་པའི་སྤྱི་སྒེར་གྱི་ཞབས་བརྟན་མེད་པས། ད་ཕྱིན་ཆད་ཀྱང་སྔར་བཞིན་བླ་སྤྲུལ་དགེ་འདུན་ཞིང་འབྲོག་མང་ཚོགས་དང་བཅས་པས་འབད་པ་ཆེར་བསྐྱེད་ཡོང་བར་ཞུ།

ངོས་ནས་ནད་མཇུག་འཐོན་ཐུབ་པའི་སྨན་བཅོས་འཕྲོད་བསྟེན་ཚད་ལྡན་བྱེད་ངེས་ཡིན་པས་འབྲེལ་ཡོད་ཐམས་ཅད་ཐུགས་བདེ་བར་མཛོད། བླ་སློབ་མྱུར་དུ་ངོ་འཛོམས་ཡོང་བའི་རེ་འདུན་དང་བཅས། ཀིརྟི་སྤྲུལ་མིང་པས། ཐའེ་ཝན་རྒྱལ་སྤྱིའི་སྨན་ཁང་ཆེན་མོ་ནས། ད་ལྟ་ཚེས་ ༢༨ ལ་ཕུལ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.