3L2A3193 Desktop Resolution ༄༅།། ཕྱི་ལོ་༢༠༡༦ ཟླ་༦ ཚེས་༢༩ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་ལོ་ཙཱ་པ་སྐུ་ཞབས་ཀརྨ་ཐུབ་བསྟན་ལགས་གདན་ཞུས་ལྟར་ཕྱེད་ཡོལ་ཆུ་ཚོད་༢ སྟེང་འདི་ག་གྲྭ་ཚང་གི་ཚོམས་ཆེན་དུ་སློབ་གཉེར་པ་རྣམས་ལ་དེང་རབས་ཚན་རིག་པས་ཁ་དོག་ལ་ངོས་འཛིན་ཇི་ལྟར་བྱེད་པའི་སྐོར་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་།

དེ་ཡང་ཁོང་གིས་ཐོག་མར་ཁོང་རང་གིས་ད་བར་ཚན་རིག་ཤེས་བྱ་བོད་ཡིག་ཐོག་བསྒྱུར་པ་དང་། སྐད་བསྒྱུར་བྱེད་པ། དེ་བཞིན་བོད་ཀྱི་དགོན་སྡེ་ཁག་ལ་ཚན་རིག་སྐོར་ནས་ཟབ་སྦྱོང་གནང་བ་དེ་བོད་ལ་ཚན་རིག་ཤེས་བྱ་འདང་ངེས་མེད་པ་ཙམ་གྱིས་མིན་པར། ཚན་རིག་སྐོར་གྱི་ཤེས་བྱ་བོད་བསྒྱུར་བྱས་པ་དེས་བོད་ཀྱི་སྐད་ཡིག་གི་ཕྱུག་ཚད་ཡར་རྒྱས་གཏོང་བར་ཕྱོགས་མང་པོ་ནས་ཕན་ཐོགས་ཆེན་པོ་ཡོད་ལ། དེས་བོད་ཀྱི་སྐད་ཡིག་ཚེ་སྲོག་རིང་དུ་བསྲིངས་པའི་ངོས་འཛིན་ཀྱང་ཡོད་སྐོར་དང་།

གཞན་ཡང་ཚན་རིག་སྦྱོང་བ་དེས་མི་སྒེར་ཞིག་ལ་མཚོན་ན་མི་གཤིས་དྲང་མོ་དང་བདེན་པ་གཙུག་འཛིན་བྱེད་མཁན་ཞིག་ཏུ་ནར་སོན་པར་ཕན་ཐོགས་ཡོད་སྐོར་ཀྱང་མང་དུ་གསུངས། 3L2A3184 Desktop Resolution

དེ་མིན་བརྗོད་གཞི་དངོས་ཀྱི་སྐོར་ནས། ཤར་ནུབ་ཀྱི་ཁ་དོག་གི་ངོས་འཛིན་དང་དབྱེ་བ་སོགས་མི་འདྲ་བའི་སྐོར་དང་། ཁ་དོག་ཡུལ་དང་ཡུལ་ཅན་གང་གི་སྟེང་དུ་ཡོད་ཚུལ། མིག་དང་འོད་ལེན་ཕྲ་ཕུང་གི་སྤྱི་བཤད། ལྷག་ཏུ་འོད་ལེན་ཕྲ་ཕུང་གིས་འོད་ལེན་ཚུལ་དང་། མིག་གིས་ཁ་དོག་མཐོང་ཚུལ། རྩ་བའི་ཁ་དོག་གསུམ་གྱི་གྲུབ་ལུགས་སོགས་དང་།

དེ་བཞིན་ཚན་རིག་པས་སྲོག་གི་ངོས་འཛིན་གནང་ཚུལ། སྐྱེ་ལྡན་དངོས་པོ་ཐམས་ཅད་ཀྱི་ཐོག་མའི་འབྱུང་ཁུངས་ཕྲ་ཕུང་གཅིག་ལས་བྱུང་ཚུལ་སོགས་གནད་དོན་འདྲ་མིན་ལས་འཕྲོས་པའི་དོག་འདྲི་ཁག་ལ་དྲིས་ལན་ཁ་གསལ་གནང་བ་བཅས་ཀྱི་བགྲོ་གླེང་ཆ་ཚང་གཤམ་དུ་བཀོད་པའི་དྲ་ཐག་བརྒྱུད་སྒྲ་ལ་གསན་གནང་ཡོང་བར་ཞུ།

 

བགྲོ་གླེང་ཆ་ཚང་འདི་ནས་ཉན་ཐུབ།

གློག་བརྙན་གྱི་སྐོར།

དང་པོ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་དང་པོ།
གཉིས་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གཉིས་པ།
གསུམ་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་གསུམ།
བཞི་པ།
བརྟན་བཞུགས་སྐབས་ཀྱི་འོད་སྡེར་བཞི་པ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.