00༄༅།། བོད་རབ་གནས་ས་ཕག་ལོའི་གནམ་ལོ་གསར་དུ་བཞད་པའི་དུས་ཚེས་དགེ་བའི་ཉིན་མོ་འདིར་འདི་ག་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་ཉི་ཤུ་ལྷག་གིས་སྐྱབས་སེམས་སྔོན་དུ་བཏང་ནས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་ཆོ་ག་དང་འབྲེལ་ནས་འདོད་ཁམས་ཀྱི་བདག་མོ་དཔལ་ལྡན་དམག་ཟོལ་རྒྱལ་མོ་ཚེས་གཏོར་རྒྱས་པ་བཏང་ཞིང་། ཆུ་ཚོད་ ཐོག་གྲྭ་ཚང་གི་དགེ་བའི་བཤེས་གཉེན་རྣམ་པའི་དབུས་གྲྭ་མང་ལྷན་འཛོམས་ཀྱིས་ཞོགས་ཇ་གསོལ་རྗེས་ཆུ་ཚོད་ ༧།༣༠ སྟེང་འདུ་ཁང་དུ་འདུས་མང་དང་འབྲེལ་ཡོད་སེར་སྐྱ་ཕོ་མོ་གང་མང་བཅས་གྲལ་དུ་འཁོད་མཚམས་ཀིརྟི་ཚང་གི་སློབ་བརྒྱུད་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་སྤུས་སྣེ་རྒྱ་གླིང་དང་བཅས་འདུ་ཁང་གི་བཞུགས་ཁྲིར་གདན་འདྲེན་ཞབས་སོར་འཁོད་འཕྲལ།

༸མགོན་པོ་གང་ཉིད་ལ་རེ་ལྟོས་འཆའ་བའི་གཞིས་བྱེས་གཉིས་ཀྱི་སློབ་བརྒྱུད་ཡོངས་ཀྱི་ཚབ་བྱས་ནས་བསྟན་དང་འགྲོ་བའི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པར་བཞུགས་པའི་གསོལ་འདེབས་ཞུས། དེ་ཡང་ཐོག་མར་དགེ་བ་ཐེག་པ་ཆེན་པོའི་སྐྱབས་སེམས་སྔོན་དུ་བཏང་ནས་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་སྒོ་ནས་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པའི་གསོལ་འདེབས་ཀྱི་རྟེན་དུ་རི་ཡི་རྒྱལ་པོ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་མཚོན་པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཎྜལ་དང་།01

བརྟན་བཞུགས་ཀྱི་ཆེད་དུ་དམིགས་ནས་བལ་ཡུལ་གནས་སྡོད་ཧིན་ཁོ་ཚང་གིས་དད་འབུལ་ཞུས་པའི་སྐུ་གསུང་ཐུགས་རྟེན་དང་སྐུའི་ན་བཟའ་ཆ་ཚང་སོགས་དང་། སྐྱེས་བུ་ཆེན་མོར་འོས་པའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད། གཞན་ཡང་བཀྲ་ཤིས་པའི་རྫས་བརྒྱད་དང་བཅས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་འདེགས་འབུལ་ཞུས་ཤིང་། དེ་རྗེས་བརྟན་བཞུགས་ལ་ཕེབས་པའི་གྲྭ་རྒན་གཞོན་ཡོངས་རྫོགས་དང་མི་སྐྱ་ཕོ་མོ་རྣམས་དང་བཅས་པར་ཁོང་རིན་པོ་ཆེ་མཆོག་གིས་མཇལ་ཁ་དང་ཕྱག་མདུད་གནང་ནས་དེར་འདུས་སྐྱེ་བོ་ཀུན་དགའ་དད་སྤྲོ་གསུམ་གྱིས་ཚིམས་པར་མཛད། དེ་ནས་གཞུང་གསར་འཛིན་གྲྭའི་སློབ་གཉེར་པ་གཉིས་ཀྱིས་གནའ་སྔ་མོའི་ཕྱག་སྲོལ་ལྟར་ཚིག་སྒྲ་དང་མཆོད་བརྗོད་སྔོན་དུ་བཏང་ནས་ཆོས་འཁོར་ལ་ཚོགས་གླེང་གནང་།

མཇུག་ཏུ་བསྟན་འབར་མ་དང་ཚད་མེད་ཡོན་ཏན་མ་སོགས་འུར་འདོན་གནང་ནས་ཐ་མར་དགེ་བ་བསྔོ་སྨོན་རྣམ་པར་དག་པའི་མཚམས་སྦྱར་ནས་ལེགས་པར་གྲུབ་པའོ།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.