30༄༅།། སྡུག་བསྔལ་གསུམ་གྱིས་རྟག་ཏུ་མནར་བའི་འགྲོ་བ་ཡོངས་ལ་བྱམས་དང་སྙིང་རྗེའི་གཞན་རང་དབང་དུ་གྱུར་ནས་རྟེན་འབྱུང་རང་དབང་དུ་འདོམས་པར་མཛད་པའི་མཉམ་མེད་ཐུབ་པའི་དབང་པོ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཁྱད་པར་ཅན་དབུས་འགྱུར་རྡོ་རྗེ་གདན་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔའི་ཡ་གྱལ་དྲང་ངེས་ལེགས་བཤད་སྙིང་པོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་

རྡོར་གདན་ཀིརྟིའི་སྒར་བསམ་ཡས་གླིང་དུ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་དབུ་བཞུགས་ཀྱིས་ཉིན་གསུམ་རིང་ཚོགས་པའི་གནས་ཚུལ་ཇི་བཞིན་སྐབས་ཐོག་ལ་དྲ་ལམ་དུ་ཐད་གཏོང་ཞུས་པ་ད་ལྟ་ཡང་མཇལ་དུ་ཡོད་པ་དག་ཡིན་ཞིང་། གཞན་ཡང་གནས་ཚུལ་རྒྱས་པ་འདི་གའི་སློབ་དཔོན་ཆེན་མོ་འབྲིང་བ་དཀོན་མཆོག་འཇིགས་མེད་ལགས་དང་། སློབ་དཔོན་ཆེན་མོ་རེ་མདོ་སེངྒེ་གཉིས་ཀྱིས་བྲིས་པའི་རྩོམ་ཡིག་གི་དྲ་ཐག་གཤམ་དུ་བཀོད་ཡོད་པ་དག་ལ་གཟིགས་པར་འཚལ། 

རྡོ་རྗེ་གདན་དུ་འཚོགས་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་ཆེན་མོའི་སྐབས་ཀྱི་མཛད་རིམ་དང་གཙོ་བོར་འབྲེལ་བའི་མཐོང་ཐོས་རགས་ཟིན།

རྡོར་གདན་དྲང་ངེས་བགྲོ་གླེང་ཆེན་མོའི་སྐབས་ཀྱི་མཐོང་ཐོས་འགའ།

 

 

1  3  2 
 4  5  6
 7 8 9
 10  11  12
 13  14  15
 16  17  18
 19  21  20
 22  23  05
01 03 02
24 04 26
27 28 29

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.