prachin 01 3༄༅།།༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ཀིརྟིའི་དགོན་ཁག་ལ་གནང་བའི་བཅའ་ཡིག་བློ་གསལ་འཇུག་ངོགས་ཀྱི་དགོངས་དོན་ལྟར་ཕྱི་ལོ་༢༠༡༦ཟླ་༨ཚེས་༡ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུཕར་ཕྱིན་དབྱར་ཆོས་ཐེངས་གཉིས་པ་ཚུགས་པའི་ཚོགས་མགོན་དུ་ ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་ཕར་ཕྱིན་དབྱར་ཆོས་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་

ཕེབས་དོན།

 “ཕ་ཡུལ་གྱི་འབྲེལ་ཡོད་གདན་ས་ཆེ་ཁག་རྣམས་སུ་བཅའ་ཡིག་གསར་པའི་དགོངས་དོན་ལག་བསྟར་བྱས་ཏེ་ཕར་ཕྱིན་དབྱར་ཆོས་དངོས་སུ་ཚུགས་ནས་ལོ་འགའ་ཤས་མ་གཏོགས་ཕྱིན་མེད།འདི་གར་གྲྭ་ཚོགས་ཆུང་ནའང་ཕར་ཕྱིན་དབྱར་ཆོས་ཚུགས་ཨེ་ཐུབ་ཀྱིས་འབད་བརྩོན་བྱས་ཏེ་ད་ལྟའི་བར་དབྱར་ཆོས་ཐེངས་གཉིས་ཚུགས་ཐུབ་པ་བྱུང་ཡོད།ང་ཚོས་དཀའ་ངལ་མང་པོ་ལ་གདོང་ལེན་བྱས་ཏེ་ཕར་ཕྱིན་དབྱར་ཚོས་ཚུགས་དགོས་པའི་དམིགས་ཡུལ་གཙོ་བོ།ངས་སྔོན་མ་ནས་ལན་མང་པོ་བཤད་མྱོང་བ་ལྟར་མང་ཆེ་བས་གསལ་པོར་ཤེས་ཀྱི་ཡོད་ངེས་རེད།ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།།མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར།།བློ་བཟང་རྒྱལ་བའི་བསྟན་པ།།ཞེས་གསུངས་པ་ལྟར་གྱི་བློ་བཟང་རྒྱལ་བ་གཉིས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་གཏིང་ཟབ་པོའི་སྒོ་ནས་ཤེས་པ་དང༌།གཞུང་ཆེན་མོའི་ཚིག་དོན་གཉིས་ཀར་གཏིང་ཕྱིན་པའི་གོ་བ་ཡང་དག་པ་ཞིག་ལེན་ཐུབ་པའི་ཆེད་དུ་རེད།དྲང་ངེས་ཀྱི་གཞུང་prachin 01 1འདི་ལ་བརྩོན་འགྲུས་ཆེན་པོའི་སྒོ་ནས་སྦྱངས་པ་གནད་དུ་སྨིན་པ་ཞིག་བྱ་ཐུབ་པ་ཡིན་ན།གཞུང་ཆེན་མོར་ལྟ་བའི་སྐབས་དམིགས་བསལ་གྱི་ཕན་ཐོགས་ཐུན་མོང་མ་ཡིན་པ་ཞིག་ཡོང་གི་རེད་ཅེས་སྔོན་མ་ཡོངས་འཛིན་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྒྱུན་པར་བཀའ་གནང་གི་ཡོད།རྗེའི་ལེགས་བཤད་དྲང་ངེས་ཀྱི་གཞུང་འདི་དཔྱིས་ཕྱིན་པར་ཤེས་པ་ཡིན་ན་མཚན་ཉིད་ཀྱི་གཞུང་ཡོངས་རྫོགས་དང༌།ལྷག་པར་ཡང་དག་པའི་ལྟ་བའི་གནད་ཀུན་ལ་མིག་ཕྱེ་བ་ལྟ་བུའི་གཅིག་ཤེས་ཀུན་གྲོལ་ཞིག་ཡོང་གི་རེད་ཅེས་ཉམས་མྱོང་ཅན་གྱི་མཁས་པ་ཚོའི་གསུང་རྒྱུན་ལ་ཡོད།

            ང་ཚོའི་ཕ་ཡུལ་གྱི་གདན་ས་ཁག་གི་སྔོན་བྱོན་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམས་ཀྱིས་རྗེ་རིན་པོ་ཆེའི་དྲང་ངེས་ལེགས་བཤད་སྙིང་པོ་ནི།རྗེ་བླ་མའི་ལྕགས་གཞུ་དང་ལྕགས་མདའ་རེད་ཅེས་ཤིན་ཏུ་རྩིས་ཆེན་པོ་གནང་གི་ཡོད་ལ།གཞུང་ཆེན་མོའི་སློབ་གཉེར་པ་རྣམས་ཀྱིས་དགེ་སློང་གི་འབྲལ་སྤོང་ལྟར་གང་དུ་ཕེབས་ཀྱང་རྒྱུན་དུ་ལུས་དང་མ་བྲལ་བར་བྱས་ཏེ་དྲང་ངེས་ལེགས་བཤད་སྙིང་པོའི་ཕྱག་དཔེ་བསྣམས་ནས་སྐྱོར་སྦྱོང་ཁ་འདོན་དང་སློབ་སྦྱོང་ཆག་མེད་གནང་བའི་ཕྱག་སྲོལ་བཟང་པོ་ཞིག་ཡོད།རྣམ་པ་ཚོས་སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཁོང་རྣམ་པའི་མཛད་པ་བཟང་པོ་ལ་རྗེས་སུ་བསླབས་ཏེ།དབྱར་ཆོས་ཀྱི་གོ་སྐབས་འདི་དང་བསྟུན་ནས་དྲང་ངེས་ལེགས་བཤད་སྙིང་པོ་ལ་སློབ་སྦྱོང་ནུས་པ་ཐོན་པ་ཞིག་མཛད་དགོས།དེ་ཡང་ཚིག་ཙམ་མ་ཡིན་པར་གཏིང་ཟབ་པོའི་སྒོ་ནས་ཤེས་ཐུབ་པའི་འབད་བརྩོན་གནང་དགོས་པ་འདི་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང༌།

prachin 01 4བར་ལམ་ནས་བོད་ཕྱི་ནང་གཉིས་ཀར་དབྱར་ཆོས་ཚོགས་མཁན་འགའ་ཤས་ཤིག་བྱུང་ཡོད་ནའང་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་དམིགས་ཀྱིས་བཀར་ནས་ཆོས་ཐོག་ཚུགས་མཁན་ང་ཚོ་མ་གཏོགས་བྱུང་མེད།དེ་ཡིན་དུས་དྲང་ངེས་ཀྱི་ཆོས་ཐོག་འདི་ང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྟ་བུར་གྱུར་ཡོད་པས།གཞན་ལ་ངོམ་ཆོག་ཅིང་གཟི་བརྗིད་ཅན་གྱི་རང་དོན་ངོ་མ་དེ་ངོ་ཤེས་པ་ཞིག་མཛད་རྒྱུ་གལ་ཆེ།གོང་དུ་བཤད་པ་ལྟར་ང་ཚོས་འདི་ལྟར་གོ་སྒྲིག་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ནི།མ་འོངས་པར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མིང་དོན་མཚུངས་པ་གང་མང་ཞིག་སྐྱེད་བསྲིང་ཡོང་བའི་ཆེད་དུ་ཡིན།ང་ཚོས་དམིགས་ཡུལ་བཟུང་བ་ལྟར་ཕ་ཡུལ་གྱི་གདན་ས་ཁག་གི་སློབ་གཉེར་པ་རྣམས་ཀྱིས་སྔ་ཕྱི་མཐའ་དག་ལ་འབད་བརྩོན་ལྷོད་མེད་གནང་བྱུང་ལ།ཆོས་ཐོག་འདིས་སློབ་གཉེར་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་རྗེས་སུ་ཡི་རང་དང་བསྔགས་བརྗོད་གནང་མཁན་ཡང་མང་པོ་ཡོང་གི་འདུགཕ་ཡུལ་གྱི་འབྲེལ་ཡོད་དགོན་སྡེ་ཁག་གི་ནང་དུ་དྲང་ངེས་བློ་འཛིན་བྱེད་མཁན་ཡང་ཤིན་ཏུ་མང་པོ་ཡོང་གི་འདུག་ལ།འདི་གའི་གྲྭ་ཚང་གི་ནང་དུ་ཡིན་ན་ཡང་དྲང་ངེས་ལེགས་བཤད་སྙིང་པོ་བློ་འཛིན་བྱེད་མཁན་འགའ་ཤས་ཡོང་གི་ཡོད་ཚོད་འདུགམ་འོངས་པར་ཡིན་ནའང་གཞུང་ཆེན་མོ་སྤྱི་ལ་འཆད་ཉན་ལྷོད་མེད་གནང་དགོས་པ་དང༌།ལྷག་པར་སྐབས་སུ་བབས་པ་དབྱར་ཆོས་ཀྱི་རིང་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་འཆད་ཉན་ལྷོད་མེད་གནང་རོགས་ཞེས་ཞུ་འདོད་བྱུང༌།ཞེས་གསུངས་པ་ལྟར། ཕྱི་ལོ་༢༠༡༧  ཕྱི་ཟླ་༡༠ ཚེས་༩  ཉིན་ནས་ཕར་ཕྱིན་དབྱར་ཆོས་ཐེངས་གསུམ་པ་དབུ་འཛུགས་ཀྱིས་ཉིན་གྲངས་བཅུ་གཅིག་ཚོགས།

དེ་ཡང་ཉིན་དེའི་ཞོགས་པའི་ཆུ་ཚོད་༧སྟེང་དགེ་སློབ་ལས་བྱེད་ཡོངས་ཚོགས་ཕེབས་ཀྱིས་དབྱར་ཆོས་དངོས་སུ་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོ་གནང་བར། ཐོག་མར་སྐྱབས་སེམས་prachin 01 5སྔོན་དུ་བཏང་སྟེ་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་།པཎ་ཆེན་བསོད་ནམས་གྲགས་པའི་བསྟོད་པ་རྒྱ་ཆེན་བསོད་ནམས་མ་བཅས་གསུངས་རྗེས།

འཛིན་གྲྭའི་སྐྱོར་དཔོན་གསུམ་གྱིས་རྩོད་མཚམས་ལས་འཕྲོས་པའི་རྩོད་པ་རེ་གནང་སྟེ།མཇུག་ཏུ་དགེ་ལྡན་བསྟན་འབར་མ་གསུངས་ནས་དབྱར་ཆོས་ཀྱི་སྔོན་འགྲོའི་མཛད་སྒོ་ལེགས་པར་གྲུབ་པ་དང་། ཉིན་འདི་དག་རིང་སློབ་སྤྱི་ཁང་གིས་གོ་སྒྲིག་གནང་བའི་དུས་ཚོད་ལྟར་དཔེ་ཁྲིད་དང་ཆོས་ར་བསྟར་ཆགས་སུ་ཚུགས་གནང་མཛད།

ཕར་ཕྱིན་དབྱར་ཆོས་ནི། ཞྭ་སེར་བསྟན་པའི་མངའ་བདག་༸མཉམ་མེད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་གཞུང་ལ་དམིགས་བསལ་གྱིས་སློབ་གཉེར་གནང་རྒྱུའི་ཆོས་ཐོག་ཅིག་ཡིན་ལ།ད་ལོའི་ཕར་ཕྱིན་དབྱར་ཆོས་སྐབས་དྲི་ཞུས་ཀྱི་འཛིན་གྲྭ།  དགག་བྱ་ངོས་འཛིན་གྱི་འཛིན་གྲྭ།རང་རྒྱུད་པའི་འཛིན་གྲྭ་བཅས་འཛིན་གྲྭ་གསུམ་དང་། ཉིན་བཅུ་གཅིག་རིང་ཚོགས་ཡོད་པ་དང་། ཉིན་ལྟར་དྲང་ངེས་ལེགས་བཤད་སྙིང་པོའི་དཔེ་ཁྲིད་ཆག་མེད་དང་།འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་ལྷ་རམས་པ་དགེ་བློ་ཡངས་མཆོག་དང་། དགེ་བཤེས་ལྷ་རམས་པ་དགེ་ངག་དབང་སངས་རྒྱས་མཆོག་རྣམ་གཉིས་ཐེངས་བཞི་ལ་ཕེབས་ནས་ལེགས་བཤད་སྙིང་པོའི་དཀའ་གནད་ཁག་ལ་དོགས་གཅོད་ཟབ་ཅིང་རྒྱས་པ་གནང་། ཆོས་ཐོག་གི་ཉིན་མཐའ་མའི་མཚན་མོར་དགེ་བཤེས་ལྷ་རམས་པ་རྣམ་པ་གཉིས་དང་། གྲྭ་ཚང་དུ་རྒྱུན་བཞུགས་ཀྱི་དཔེ་ཁྲིད་དགེ་རྒན་རྣམ་པ་བཅས་དབུ་བཞུགས་ཀྱིས་ཆུ་ཚོད་བཞིའི་རིང་ལ་དྲང་ངེས་དམ་བཅའ་ཆེན་མོ་ཚོགས་ཡོད་པ་བཅས། 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.