Thubten loorig 02༄༅།། ཕྱི་ལོ་༢༠༡༧ ཟླ་༧ ཚེས་༢༩ ཉིན་བོད་མི་མང་སྤྱི་འཐུས་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་གདན་ཞུས་ཀྱིས་ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་གྲོས་ཚོགས་ཀྱི་འཐུས་མི་རྣམས་གཙོ་བོར་བྱས་པའི་གྲྭ་ཚང་གི་དགེ་སློབ་ལས་བྱེད་ཡོངས་ལ་མང་གཙོའི་སྒྲིག་འཛུགས་ནང་འཛིན་སྐྱོང་བྱེད་སྟངས་སོགས་ཀྱི་སྐོར་ལ་ལམ་སྟོན་གསུང་བཤད་གནང་དོན། 

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་མ་སུ་རུར་ཐོག་མར་ཇི་ལྟར་གསར་འཛུགས་གནང་བའི་རིམ་པ་དང་། དེ་རྗེས་ཕྱི་ལོ་༡༩༥༩ ལོ་མཇུག་དང་། ༦༠ ལོའི་ལོ་འགོར་ གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མི་སེར་སྐྱ་མི་མང་ཚང་འཛོམས་ ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ། བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་སྐབས།  ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དོན། བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་ སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན། རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་ བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་པས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང༌། ཆོལ་ ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ འཇོན་དང༌། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་

Thubten loorig 01ཇི་ཡོད་ནས་འོས་ འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས་པའི་བཀའ་སློབ་ཕེབས་དོན་ལྟར། ཕྱི་ལོོ་༡༩༦༠  ཟླ་༩ ཚེས་༢ ཉིན་དངོས་སུ་མི་མང་གི་འཐུས་མི་ངོ་འཛོམས་བྱུང་ནས་༸སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་དམ་འབུལ་ཞུས་པའི་ཉིན་ནས་བོད་མང་གཙོའི་གཞུང་དབུ་བརྙེས་པའི་སྐོར་སོགས་ཅུང་རྒྱས་བཤད་དང་། སྐབས་བཅུ་པའི་སྤྱི་འཐུས་རྣམས་ཀྱི་ལས་མཇུག་མ་ཚང་སྔོན་དུ་ལས་མཚམས་བཞག་ནས་སྐབས་བཅུ་གཅིག་པའི་སྤྱི་འཐུས་འོས་འདེམས་བྱས་པ་དང་། བཅའ་ཁྲིམས་ཀྱི་སྒྲོམ་གཞི་མང་པོར་འགྱུར་བ་བཏང་བའི་དགོངས་དོན་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཁང་དང་སྤྱི་འཐུས་རྒྱུན་ལས་ཀྱི་འགྲོ་སྟངས་སོགས་ཇི་ལྟར་བྱུང་བའི་སྐོར་དང་། ཕྱི་ལོ་༢༠༠༡ གི་སྔོན་དུ་བཀའ་བློན་ཁྲི་Thubten loorig 03བ་དང་བཀའ་བློན་རྣམས་འདེམས་སྟངས་དང་། ཕྱི་ལོ་༢༠༠༡ ནས་བཀའ་བློན་ཁྲི་བ་མི་མང་གིས་འོས་འདེམས་བྱས་པ་ནས་བཀའ་བློན་རྣམས་ཇི་ལྟར་འདེམས་བཞིན་པ་སོགས་ཧ་ཅང་ཞིབ་བཤད་གནང་། བཀའ་ཤག་ལྷན་ཚོགས་ཀྱིས་ལས་འགན་བཞེས་ཕྱོགས་དང་སྡེ་ཚན་སོ་སོར་བཀའ་བློན་རྣམ་པས་ལས་འགན་གནང་ཕྱོགས། དེ་བཞིན་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས་ལས་བྱེད་འདེམས་སྟངས་དང་། ལས་བྱེད་ཀྱི་གནས་རིམ་འཕར་ཆག་འགྲོ་སྟངས། དམིགས་གསལ་བསྐོ་བཞག་གནང་སྟངས་སྔ་ཕྱིའི་མི་འདྲ་བའི་ཁྱད་པར། སྔོན་རྩིས་བཀའ་འཁྲོལ་ཞུ་སྤྲོད་གནང་ཕྱོགས་སོགས་གྲོས་ཚོགས་ཀྱིས་ལས་དོན་གནང་སྟངས་སོགས་ཧ་ཅང་གསལ་ཞིང་ཞིབ་པར་གསུངས་པ་དང་། མཇུག་ཏུ་དྲི་བ་ཁག་ཅིག་ལ་དྲིས་ལན་གནང་བ་བཅས་ཀྱི་བགྲོ་གླེང་གི་ལས་རིམ་བསྐྱངས་པ་སོགས་ཐུགས་སྣང་ཡོད་རིགས་ནས་གཤམ་གྱི་དྲ་ཐག་བརྒྱུད་གསུང་བཤད་ཆ་ཚང་ལ་ཉན་ཐུབ་པ་བཟོས་ཡོད་པ་བཅས་དགོངས་འཇགས་འཚལ། གསུང་བཤད་ཆ་ཚང་ལ་ཉན་ན་འདིར་ནོན།

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.