001

ལོ་རེའི་ཕྱི་ཟླ་༨ ཚེས་༨ ནི་༸རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་ཚེས་ཡིན་ཞིང་། ཉིན་དེར་དམིགས་བསལ་གྱི་མཛད་སྒོ་དེ་འདྲ་གང་ཡང་མེད་ནའང་། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཡོད་དགོན་པ་སོ་སོའི་གཞུང་དང་། གྲྭ་ཚང་། འཛིན་གྲྭ། སློབ་གྲྭ། གྲོང་སྡེ། ཤོག་ཀ སྐྱིད་སྡུག་ཚོགས་པ་ཆེ་ཆུང་སྣ་ཚོགས། གྲོགས་པོའི་ཚོགས་པ། གླུ་གར་ཚོགས་པ། མི་ཚང་དང་། མི་སྒེར་པ་སོགས་སྤྱི་སྒེར་སེར་སྐྱ་ཕོ་མོ་རྒན་གཞོན་ཧ་ཅང་མང་པོས། མ་སྐུལ་དང་བླངས། མ་བགྲོས་བསམ་པ་གཅིག་མཐུན་གྱིས་སྐུའི་འཁྲུངས་ཚེས་དང་འབྲེལ་ནས་ཁ་ཡོད་ལག་ཡོད་ཀྱི་རྣམ་དཀར་དགེ་བའི་ལས་གང་ཐུབ་རེ་སྤེལ་རྒྱུ་ལོ་ཤས་གོང་ནས་སྲོལ་ལྟར་གྱུར་ཡོད་པས་ད་ལོ་ཡང་མགོན་པོ་གང་གི་སྐུ་ཚེ་ཧྲིལ་པོའི་ཐུགས་དམ་གྱི་མཐིལ་དུ་མཛད་པའི་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཐུགས་དགོངས་དང་མཐུན་

པར་ནད་པ་དང་ཉམ་ཐག་བདག་མེད་རིགས་ལ་རོགས་སྐྱོར་གྱིས་མཚོན་པའི་རྣམ་དཀར་དགེ་བའི་ལས་རྒྱ་མི་ཆུང་བ་ཞིག་བསྒྲུབས་འདུག་པ་ཟུར་ཙམ་ཞུས་ན། དེ་ཡང་བསིལ་ལྡན་གངས་རིའི་ལྗོངས་ཀྱི་སྣོད་བཅུད་གཉིས་ཀར་བློ་ཡུལ་ལས་འདས་པའི་གོད་ཆག་ཆེན་པོ་ཕོག་པའི་གཉན་ཕྲང་གི་དུས་འདིར་བོད་མི་རྣམས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཏུ་གྱུར་པའི་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸རོང་ཆེན་བསྟན་པའི་སྒྲོན་མེ་རྣམ་གཉིས་ཀྱི་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་དམིགས་

003ནས་འཁྲུངས་ཚེས་ཉིན་གྱི་ཞོགས་པ་དུས་ཚོད་༦ ཙམ་ལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ལས་སྣེ་རྣམས་དང་། ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་བཅས་རྡ་སའི་ཉེ་འཁོར་གྱི་རྒན་གསོ་ཁང་གི་རྒས་ཁོགས་རྣམས་དང་། བདེ་ལེགས་སྨན་ཁང་། དབུས་སྨན་རྩིས་ཁང་གཉིས་ཀྱི་ནད་གསོ་ཁང་དུ་ཡོད་པའི་ནད་པ་རྣམས་ལ་། བསྙུན་འདྲིའི་ཆེད་ལག་དངུལ་ཧིན་སྒོར་༥༠༠རེ་དང་། མར་རྩམ་སོགས་བྲོ་བཅུད་ལྡན་པའི་ཟས་རིགས།ཉིན་དེའི་དུས་གསུམ་གྱི་བཞེས་ལག་དམིགས་བསལ་བཅས་ཕུལ་བར་ཆེད་བཅར་གནང་ཡོད་པ་དང་། དེ་རྗེས་ཆུ་ཚུད་༧་༣༠སྟེང་གྲྭ་ཚང་གི་མཁན་བླ་སྤྲུལ་དགེ་འདུན་འདུས་མང་བཅས་ཚོམས་ཆེན་དུ་ཚོགས་ཕེབས་གནང་ནས།གནས་བཅུའི་ཕྱག་མཆོད་དང་། ཞབས་བརྟན་གསོལ་འདེབས།གཞན་ཡང་བོད་སྐྱོང་ལྷ་སྲུང་ཁག་གི་བསངས་གསོལ་དང་འཕྲིན་བཅོལ་རྒྱས་པ་གསུངས། ཚོགས་གྲོལ་བ་དང་གྲྭ་ཚང་གི་ལས་སྣེ་དང་དགེ་རྩ་ཚོགས་པའི་རྒྱུན་ལས་རྣམ་པ་༸ཁོང་རིན་པོ་ཆེའི་གཟིམ་ཆུང་དུ་ཆེད་བཅར་གྱིས་གཞི་བྱེས་སློབ་བརྒྱུད་སེར་སྐྱ་ཡོངས་ཀྱི་ཚབ་བྱས་ནས་ཉིན་བདུན་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཚེ་གཏོར་དང་། སྐུ་ཚེ་ཡུན་དུ་བརྟན་པའི་རྟེན་འབྲེལ་མཚོན་བྱེད་དུ་གདིང་བ། མཎྜལ་རྟེན་དོད།འཁྲུངས་སྐར་སྤྲི་ཀོར་སོགས་འབུལ་ལམ་ཞུས་པ་དང་། འདི་ག་གྲྭ་ཚང་གི་༸མཁན་རིན་པོ་ཆེ་དགེན་༸བློ་བཟང་དཀོན་མཆོག་རྒྱ་མཚོ་མཆོག་གིས་འཁྲུངས་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་འབྲེལ་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་ཤིང་། གཞིས་བྱེས་གཉིས་འཁོད་ཀྱི་ལྟོས་བཅས་སྐྱེ་འགྲོ་ཐམས་ཅད་ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་སུ་འཛིན་པའི་གསོལ་འདེབས་སྐྱབས་འཇུག་ནན་ཞུ་མཛད། དེའི་རྗེས་གྲྭ་ཚང་གི་གྲྭ་པ་མང་པོ་ཁག་བགོས་ཀྱིས་རྡ་སའི་ཉེ་འཁོར་གྱི་དབུས་བོད་ཀྱི་སྨན་རྩིས་ཁང་དང་མེག་གྷན་གྱི་ཡན་ལག་སྨན་ཁང་། གངས་སྐྱིད་བདེ་ལེགས་སྨན་ཁང་དང་མེག་གྷན་གྱི་ཡན་ལག་སྨན་ཁང་། ནོར་གླིང་ཁྱུ་གསར་སྨན་ཁང་། སྐུའི་བླ་སྨན་ཟུར་བ་དགེན་ཡེ་ཤེས་དོན་ལྡན་གྱི་སྨན་ཁང་། ཁོང་གི་དགེ་ཕྲུག་ཆོས་འཕེལ་སྐལ་བཟང་གི་སྨན་ཁང་ཕན་བདེ་གཅེས་སྐྱོང་ཁང་བཅས་གཞུང་སྒེར་གྱི་སྨན་ཁང་ཁག་བདུན་ལ་ཉིན་ཧྲིལ་པོར་ནད་པ་གྲངས་༡༥༡༩ ལྷག་ལ་སྨན་སྦྱིན་དང་། གློག་གིས་བརྟག་དཔྱད་སོགས་སྨན་ཁང་སོ་སོའི་སྨན་པས་བཀོད་མངགས་ཆ་ཚང་ལྷག་མེད་དུ་ཕུལ་ཡོད་ལ།ནད་པ་མང་པོར་ཟླ་གཉིས་ནས་གསུམ་གྱི་སྨན་སྦྱིན་བྱས།དེ་004བཞིན་ཀིརྟིའི་བྱེས་པ་གྲྭ་ཚང་གི་སྐུ་ཚབ་དང་ཀིརྟིའི་དགེ་རྩ་ཚོགས་པའི་རྒྱུན་ལས་གཅིག་བཅས་རྡོར་གླིང་སུ་ཁེའི་ཕྱོགས་ལ་ཆེད་ཕེབས་ཀྱིས་སུ་ཁེ་ཀིརྟི་དགོན་གྱི་ལས་སྣེ་དང་ཀིརྟིའི་མི་རྩ་དབོན་ཆུང་འཇིགས་མེད་ཆོས་འཕེལ་སོགས་དེར་གནས་འབྲེལ་ཡོད་དང་ལྷན་དུ་ཡུལ་མིའི་སྨན་ཁང་དུ་སྨན་སྦྱིན་དང་། དྭ་ཕྲུག་སློབ་གྲྭར་ཉེར་མཁོའི་བཅའ་དངོས་བཅས་སྦྱིན་གཏོང་། ཤིང་ནགས་འདེབས་འཛུགས་བཅས་བྱས། མདོར་ན་ཉིན་དེར་རྒྱ་གར་དྷ་སའི་ཉེ་འཁོར་དང་རྡོར་གླིང་སུ་ཁེའི་ཕྱོགས་གཉིས་སུ་ཀིརྟིའི་བྱེས་པ་གྲྭ་ཚང་དང་། ཀིརྟིའི་དགེ་རྩ་ཚོགས་པ།ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ལྷན་ཚོགས་སོགས་སློབ་བརྒྱུད་དང་འབྲེལ་ཡོད་ཐུན་མོང་གིས་རྒས་ཁོགས་ཉམ་ཐག་༡༣༨ དང་། ནད་གསོ་ཁང་དུ་ཡོད་པའི་ནད་པ་༥༧ ལ་དམིགས་བསལ་བཞེས་ལག་དང་མར་རྩམ་སོགས་ཟས་རིགས།ལག་དངུལ་སྒོར་༥༠༠ རེ་བཅས་ཕུལ་ཞིང་། དྭ་ཕྲུག་དང་ཉམ་ཐག་སློབ་ཕྲུག་༥༣ ལ་སློབ་གྲྭའི་འགྲིག་ཆས་དང་། སློབ་སྦྱོང་གི་ཡོ་བྱད་སོགས་ཕུལ་ནས་རྣམ་དཀར་དགེ་ལས་ཀྱི་བྱ་བ་རྒྱ་ཆེར་སྤེལ།

གཞན་ཡང་འབྲེལ་ཡོད་གཞིས་ལུས་བོད་མི་རྣམས་དང་བལ་ཡུལ་ཁུལ་དུ་གནས་སྡོད་འབྲེལ་ཡོད་རྣམས་ཀྱིས་ཉིན་དེར་སྤྱི་སྒེར་གཉིས་ཐད་ནས་རྣམ་དཀར་དགེ་བའི་ལས་རྒྱ་ཆེར་བསྒྲུབས་ཡོད་པ་ནི། དགེ་འདུན་ལ་བསྙེན་བཀུར།ཚེ་སྒྲུབ། བརྟན་བཞུགས་འབུལ་བ།ཞབས་བརྟན་བསྒྲུབས་པ། བསྙེན་གནས་ཀྱི་སྡོམ་པ་འབོགས་པ། མང་ཚོགས་ལ་ནང་ཆོས་ངོ་སྤྲོད། དཔལ་འབྱོར་གྱི་དཀའ་ངལ་ཆེ་བའི་སློབ་མ་རྣམས་ལ་སློབ་ཡོན་གྱི་རོགས་སྐྱོར། གསོལ་འདེབས་དང་། སྨོན་ཤིས་ཀྱི་རྩོམ་ཡིག་སྣ་ཚོགས་སྤེལ་བ།དད་དམ་གྱི་གདུང་དབྱངས་གྱེར་བ། སྐད་འཕྲིན་གྱི་ཚོགས་པ་འདྲ་མིན་ནང་༸སྐྱབས་རྗེ་རིན་པོ་ཆེའི་མཛད་འཕྲིན་ངོ་སྤྲོད། གནས་ཆེན་ཁག་ལ་མཆོད་འབུལ།ཆེད་མཁས་སྨན་པ་གདན་འདྲེན་གྱིས་ནད་པ་མང་པོར་ནད་གཞི་བརྟག་དཔྱད་དང་། རྒྱ་བོད་ཀྱི་སྨན་ཁང་ཁག་ཏུ་ནད་པ་སྟོང་ཕྲག་དུ་མར་སྨན་སྦྱིན། རྒས་གསོ་ཁང་དང་། དབང་པོ་སྐྱོན་ཅན། འབྱོར་མེད་ཉམ་ཐག་གི་རིགས་ལ་རོགས་སྐྱོར། དུད་ཆང་དང་། སྲོག་གཅོད། རྐུན་ཇགའཛིང་རེས། རྩྭ་ས་རྩོད་གླེང་། རྒྱན་རྩེད་སོགས་མི་བྱེད་པའི་དམ་བཅའ། དམར་ཟས་སྤོང་བ། ཁ་འདོན་དགེ་སྦྱོར་ཁས་ལེན། དཀར་ཟས་ཀྱི་ལམ་ནས་ཟས་སྟོན་འབུལ་བ་སོགས་འཁྲུངས་ཚེས་དང་འབྲེལ་ནས་བྱེད་སྒོ་སྣ་ཚོགས་ཀྱིས་རྣམ་དཀར་དགེ་བའི་ལས་རྒྱ་ཆེར་སྤེལ་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།  

005

 

007

 

008

 

002

 

006

 

 

 

Kirti Monastery, Mcleod Ganj, Dharamsala.176219 Distt, kangra H.P India.